མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོགས་པ།

ངལ་རྩོལ་གྱི་ཆེས་གཟི་བརྗིད་ཆེ་ཞིང་ཆེས་བླ་ན་མཐོ་བ། ཆེས་རླབས་ཆེན་དང་ཆེས་མཛེས་སྡུག་གི་དུས་རབས་རོལ་དབྱངས་དཀྲོལ།  ཁྲེན་ཀང་གིས་གཏམ་བཤད་གནང་། ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།

ཟླ10པའི་ཚེས23ཉིན་ནས་ཚེས24ཉིན་བར། མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཟི་ལིང་དུ་འཚོགས། ཚོགས་འདུས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོགས་ཀྱི་སྐབས་གསར་པའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཐུན་མོང་གླེང་མོལ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་མ་ཟད། ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚུན་གྱི་བྱ་བར་ནན་ཏན་སྒོས་སྤྱི་སྡོམ་བྱས་ཤིང་། དེང་ཕྱིན་གྱི་ལོ་ལྔའི་བྱ་བའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་བྱ་བའི་རྣམ་པ་གསར་པ་བསྐྲུན་ཏེ། ངལ་རྩོལ་གྱི་ཆེས་གཟི་བརྗིད་ཆེ་ཞིང་ཆེས་བླ་ན་མཐོ་བ། ཆེས་རླབས་ཆེན་དང་ཆེས་མཛེས་སྡུག་གི་དུས་རབས་རོལ་དབྱངས་དཀྲོལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཝང་དབྱང་། དབྱང་ཧྥ་སེན། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་། ལུའི་ཀང་། མ་ཧྥེང་ཧྲེང་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས་པ་མ་ཟད་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སྙན་ཞུ་ཕུལ།

ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཤིས་འཕྲིན་བསྐུར་བ་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ།

ཁྲེན་ཀང་གིས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་ཤིང་། ཚོགས་ཞུགས་འཐུས་མི་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པ་དང་བཟོ་ཚོགས་ཀྱི་ལས་སྒྲུབ་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས་པ་མ་ཟད། ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚུན་དུ་མཚོ་སྔོན་བཟོ་ཚོགས་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བར་ཚད་མཐོན་པོས་གཙིགས་ཆེན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྲུབ་པ་དང་། དུས་རབས་གསར་པའི་བཟོ་པའི་ལས་འགུལ་ལས་དོན་དང་བཟོ་ཚོགས་བྱ་བར་བསམ་བློའི་སྟོབས་ཤུགས་ཆེན་པོ་དང་ལག་ལེན་གྱི་རླབས་ཆེན་ནུས་པ་མཁོ་སྤྲོད་བྱས་ཡོད།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་དམ་པོར་འཛིན་དགོས་ཤིང་། སྔར་བས་དཔའ་སྐྱེད་ཀྱི་བསམ་པའི་རྣམ་པ་དང་འབད་འཐབ་རྣམ་འགྱུར་ལ་བརྟེན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་སྔར་བས་ཆེན་པོ་འཇོག་པ་དང་གཟི་བརྗིད་སྔར་བས་ཆེན་པོ་བརྩོན་ལེན་བྱེད་དགོས། ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བློ་དཀར་ལག་བསྟར་མཁན་བྱེད་དགོས་ལ། ཏང་གི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་པ་དང་ཏང་གི་བཀོད་འདོམས་ལ་ཉན་པ། དུས་རབས་ཀྱི་སྔོན་གྲལ་དུ་བསྐྱོད་པ། སྤྱི་ཡོངས་ལ་བསམ་བློ་གཏོང་བ་བཅས་བྱས་ཏེ། མེས་རྒྱལ་ལ་དྲིན་གཟོ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། མཚོ་སྔོན་འཛུགས་སྐྲུན་བཅས་ཀྱི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། དངོས་སྒྲུབ་ནན་འཛིན་དང་འགན་འཁྲི་འཁུར་ཕོད་པར་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་མཁན་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལ་དམིགས་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་འཚོ་ལེགས་སྒྱུར། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་འགན་འཁྲི་འཁུར་དགོས། འཇོན་ནུས་དང་རྩལ་ནུས་མཐོར་འདེགས་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་བྱང་ཚད་མཐོ་བའི་ངལ་རྩོལ་དམག་དཔུང་གི་དཔེ་སྟོན་པ་བྱེད་དགོས་ལ། ཤེས་བྱ་དང་ལག་རྩལ་ལྡན་པ། གསར་སྐྲུན་རྣམ་པའི་ངལ་རྩོལ་པ་བྱེད་པ། “རྒྱལ་ཁབ་ཆེན་མོའི་ལག་ཤེས་བཟོ་ལས་པ”དང“མཚོ་སྔོན་གྱི་ལག་ཤེས་བཟོ་ལས་པ”“འཇོན་ཐང་ཆེ་བའི་ལག་ཤེས་བཟོ་ལས་པ”བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན། བྱས་རྗེས་འཇོག་མཁན་བཅས་བྱེད་དགོས། སྲོལ་བཟང་སྤྱོད་བཟང་དར་སྤེལ་གཏོང་དགོས་ལ། ཐོག་མཐའ་བར་གསུམ་དུ་བསམ་པའི་དུས་རབས་ཀྱི་སྣེ་ཁྲིད་པ་བྱེད་དགོས་ཤིང་། མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་སྤེལ་གཏོང་བ། ངལ་རྩོལ་གཟི་བརྗིད་དང་རླབས་ཆེ་བའི་སྤྱི་ཚོགས་དར་སྲོལ། ལེགས་ཐོག་ལེགས་འཚོལ་དང་ཕུལ་བྱུང་བརྩོན་ལེན་གྱི་ལས་བཀུར་སྲོལ་བཟང་ཆགས་པར་བྱས་ཏེ། བདེ་འཇགས་འཆམ་མཐུན་གྱི་རྣམ་པ་ལེགས་པོ་མཉམ་དུ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་གཏོང་བ་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། བཟོ་ཚོགས་ཀྱི་ལས་བྱེད་པའི་སྤྱོད་སྟངས་ལེགས་སྒྱུར། ལས་བཟོ་པ་དང་མང་ཚོགས་ལ་བཟོ་ཚོགས་ནི“ལས་བཟོ་པའི་ཁྱིམ་ཚང”ལྟ་བུ་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་ནི་ཆེས་བློ་གཏད་ཆོག་པའི“ཁྱིམ་མི”ལྟ་བུ་ཡིན་པ་དངོས་སུ་ཚོར་དུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་བཟོ་ཚོགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་དགོས་ཤིང་། བཟོ་ཚོགས་ཀྱི་འགན་ནུས་བསྒྲུབ་པ་དང་ནུས་པ་བཏོན་ནས་ཆ་རྐྱེན་སྔར་ལས་བཟང་པོ་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་བཟོ་པའི་ལས་འགུལ་ལས་དོན་དང་བཟོ་ཚོགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

ཚོགས་འདུ་གྲོལ་བའི་མཛད་སྒོའི་སྟེང་། ཝང་ཏ་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་རྒྱུན་འཁྱོངས་ལྷོད་མེད་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། གཞུང་ལུགས་ཟབ་སྤེལ་ལ་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་གི་བཟོ་ཚོགས་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ལ་བློ་དཀར་གྱིས་གོང་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ་དེ་ལག་ལེན་དངོས་ཀྱི་ཐད་མངོན་དགོས། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་དགོས་ཤིང་། “ཀྲུང་གོའི་འདུན་མ·ངལ་རྩོལ་མཛེས་པ”ཞེས་པའི་བརྗོད་དོན་དྲིལ་སྒྲོག་སོགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས། འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་དགོས་ཤིང་། བཟོ་པའི་ལས་འགུལ་གྱི་དུས་རབས་བརྗོད་གཞི་དམ་པོར་ཁོང་དུ་ཆུད་པ་དང་། ལས་བཟོ་པ་ས་ཡ་ལྷག་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཞུགས་པར་རྩ་འཛུགས་བྱས་ནས་ནུས་པ་གལ་ཆེན་འདོན་དགོས། འགན་ཁུར་གཙོ་བོ་དང་ལས་སྒོ་གཙོ་བོར་ཤུགས་སྣོན་དགོས་ཤིང་། བཟོ་ཚོགས་ཀྱིས་ལས་བཟོ་པར་ཞབས་ཞུ་སྒྲུབ་པའི་མ་ལག་སྒྲིག་འཛུགས་དང་འཐུས་ཚང་བཏང་སྟེ། རྒྱ་ཆེའི་ལས་བཟོ་པར་སྔར་བས་སྟོབས་ཆེ་ཞིང་དྲོད་ཁོལ་ལྡན་པའི་དབང་སྲུང་ཞབས་ཞུ་མཁོ་སྤྲོད་བྱེད་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཤིང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་དཔོན་རིགས་ནན་སྐྱོང་ཟབ་སྤེལ་བྱས་ཏེ། གཟབ་ནན་གྱི་དགོངས་གཞི་དང་བྱེད་ཐབས། མཁའ་དབུགས་བཅས་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས།

ཚོགས་ཆེན་ལས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་དང་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་བུད་མེད་ལས་བཟོ་པའི་ཨུ་ཡོན་ལྷན་ཁང་གྲོས་མོལ་བྱས་ནས་བདམས་ཐོན་བྱུང་ཞིང་།《མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད》དང《མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ནོར་སྲིད་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད》《མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号