ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཀྱི་གཞི་མདོག་རྒྱས་སུ་འཇུག་པ་དང་དགུན་དུས་ཀྱི་ཡུལ་སྐོར་དར་སྤེལ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཟེར།

ཟླ10པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དགུ་པའི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་པ་དང་། མཚོ་བྱང་གི་དགུན་དུས་ཡུལ་སྐོར་དང་སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས། ལས་གཞི་འཛུགས་སྐྲུན་སོགས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བར་རྩེ་གཅིག་ཏུ་དམིགས་ཏེ། འཇུ་ལག་རྫོང་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ་ཡུལ་དངོས་ནས་ཚོགས་འདུ་འཚོགས་ནས་ཉེ་དུས་ཀྱི་གཙོ་གནད་བྱ་བ་སོ་སོར་ཆེད་དོན་བཀོད་སྒྲིག་གནང་།


ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཆུ་དཀར་ལུང་བ་དང་ཀྱུ་ཡངས་ལུང་བ། གངས་ལུང་བྲག་ཕུག་སོགས་ལྗོངས་ཁུལ་དང་སེམས་ཉིད་ཡུལ་སྐོར་ཞབས་ཞུའི་ལྟེ་གནས། སྲིབ་ཞིང་ཡུལ་ཚོ་མཚོ་ལུང་ཐང་སྐྱེ་ཁམས་སྒར་འདེབས་རྟེན་གཞིར་ཡུལ་དངོས་ནས་ལྗོངས་ཁུལ་གཉེར་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འཇུ་ལག་རྫོང་གི་དགུན་དུས་ཡུལ་སྐོར་གྲ་སྒྲིག་བྱ་བ་དང་ལྷག་པའི་དཀའ་ངལ་གྱི་གནད་དོན་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་སྤྱིའི་དམིགས་ཚད་ལ་དམིགས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དགུན་དུས་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུ་ནི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མཚོ་བྱང་ལ་གནང་བའི་གཙོ་གནད་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། འཇུ་ལག་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་རྫོང་ནང་གི་དམིགས་བསལ་ཐོན་ཁུངས་ལ་བརྟེན་ནས་དགུན་དུས་ཀྱི་ཡུལ་སྐོར་བྱ་བ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་སྔོན་བརྒལ་བཀོད་སྒྲིག་བྱས་ཏེ། དབྱར་དུས་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་ཚ་རླབས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག གངས་ཤུད་དང་དར་ཤུད། རྐང་བགྲོད། རི་འཛེགས་སོགས་ཁྱད་ཆོས་ལྡན་པའི་དགུན་དུས་ཀྱི་ཡུལ་སྐོར་ལས་གཞི་སྔོག་འདོན་བྱེད་པར་ཤུགས་སྣོན་དགོས་པ་དང་། འཇུ་ལག་ནགས་མཚོ་གངས་རིའི་ཡུལ་སྐོར་སྣང་བརྙན་སྒེའུ་ཁུང་རྒྱུན་མཐུད་དུ་ཕྱིས་ནས་ས་ཁོངས་ཡོངས་ཀྱི་ཡུལ་ལྗོངས་དང་དུས་བཞིར་ཡུལ་སྐོར་བྱེད་ཆོག་པ་མངོན་འགྱུར་བྱ་དགོས་པ་སྟེ། གཅིག་ནས་གངས་འཁྱགས་བརྗོད་དོན་བྱས་ཏེ་དགུན་དུས་ཡུལ་སྐོར་གྱི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མེ་ལྷ་གངས་དཀར་དང་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས། ནགས་མཚོའི་ཀློང་ལ་རྐང་བགྲོད་དང་གངས་རིའི་རྩེ་ལ་འཛེག་པ་སོགས་རིག་གནས་ལུས་རྩལ་བྱེད་སྒོ་ཇུས་འགོད་བྱས་ཏེ། ཡུལ་སྐོར་བ་དེ་བས་མང་བ་འཇུ་ལག་ཏུ་བསྐྱོད་དེ་ཡུལ་སྐོར་རྩེད་འཇོ་རོལ་བར་ཡིད་དབང་འགུག་དགོས། གཉིས་ནས་ཞིབ་ཕྲའི་ཇུས་འགོད་ལ་ཁྱོན་ཡོངས་ནས་བསམ་གཞིག་བྱས་ཏེ། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནང་རླངས་འཁོར་འཇོག་སའི་ས་ཚིགས་མང་ཙམ་བསྐྲུན་པ། རིན་མེད་རླངས་འཁོར་འཇོག་པའི་མཚོན་རྟགས་མང་དུ་གཏོང་བ། ཡུལ་སྐོར་ལམ་ཐིག་དང་། ལྗོངས་ཁུལ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཡུལ་སྐོར་བས་བདེ་འཇགས་ངང་རླངས་འཁོར་བཞག་ནས་ལྟ་སྐོར་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས། དགོས་མཁོར་གཞིགས་ནས་ཡུལ་སྐོར་སྤྱི་བའི་གསང་སྤྱོད་གསར་སྣོན་བྱས་ཏེ། མཁྲེགས་ཆས་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ལྗོངས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ཇེ་ལེགས་སུ་བཏང་ནས། ཡུལ་སྐོར་བའི་ཉམས་ལེན་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་བ་དང་ཡུལ་སྐོར་གྱི་སྤྱི་བའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། གསུམ་ནས་ནགས་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བྱ་དབང་སྔོན་པོ་དང་རྨ་བྱ་སོགས་སྲོག་ཆགས་གསོ་སྤེལ་བྱས་ཏེ། ལྗོངས་ཁུལ་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་ངང་ཡག་པོ་སྒྲུབ་དགོས། སྐྱེ་ཁམས་སྒར་འདེབས་རྟེན་གཞི་གཏོད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་དང་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། དྲ་ཐོག་དང་དྲ་ཕྱིའི་དྲིལ་སྒྲོག་འཕྲིན་སྤེལ་བྱས་ནས་གྲོང་གསེབ་ཡུལ་སྐོར་གྱི་སྙན་གྲགས་ཇེ་ཆེ་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཀྱི་ཡུལ་སྐོར་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སེམས་ཉིད་ནགས་ར་དང་འཇུ་ལག་ནགས་རར་ནགས་རྩྭ་སྐོར་ཞིབ་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་མུ་རི་གཙང་པོའི་འཇུ་ལག་དུམ་བུར་ཆུ་སྐོར་བྱེད་སྒོ་སྤེལ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། ཆུ་ལམ་བཅོས་སྐྱོང་དོ་དམ་སྲུང་སྐྱོབ་སོགས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ལྟ་ཞིབ་གནང་ནས་བསྟན་དོན། འཇུ་ལག་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ནགས་ཚལ་དཀྱིལ་ཁུལ་དུ་གནས་པ་དང་སྐྱེ་ཁམས་ཀྱི་གནས་བབ་དམིགས་བསལ་ཡིན་ལ་གལ་འགངས་ཆེ་བས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་བརྟན་པོར་བཟུང་ནས། རི་སྔོ་ཆུ་དྭངས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་མཚོ་བྱང་གི་སྐྱེ་ཁམས་ཀྱི་རྨང་གཞི་ཡག་པོ་འདིང་དགོས་པར་མ་ཟད་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ལས་གནས་ཐོག་ལས་འགན་སྒྲུབ་པར་སྐྱོད་པའི་བྱ་བའི་ཐད་བླང་བྱ་ཞིབ་ཕྲ་འདོན་དགོས་ཟེར། དེའི་རིང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པར་འཚམས་འདྲི་གནང་བ་དང་ཁོ་ཚོའི་གཟུགས་པོའི་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་འབབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ལ། དོ་དམ་སྲུང་སྐྱོབ་བྱ་བ་སྤེལ་ཚུལ་རྒྱུས་ལོན་གནང་ནས་ཁོ་ཚོས་འཐབ་ས་དང་པོར་གཞི་ཚུགས་ཏེ་མཚོ་བྱང་གི་སྐྱེ་ཁམས་འཛུགས་སྐྲུན་བྱ་བར་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་གྲོང་རྡལ་ཧུའེ་ཙེ་ཡོན་གྱི་དུས་ཐེངས་གཉིས་པའི་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ཡུལ་དངོས་ནས་ས་ཁང་བདག་ཁོངས་ལས་གཞིའི་བཟོ་སྐྲུན་འཕེལ་རིམ་དང་བདེ་འཇགས་ཨར་ལས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་ནན་གྱིས་བསྟན་དོན། ལས་གཞིའི་མྱུར་ཚད་དང་བདེ་འཇགས་ཐོན་སྐྱེད་ཀྱི"ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ནན་འཛིན་བྱེད་པ"རྒྱུན་འཁྱོངས་བྱས་ཏེ། ལས་གཞིའི་ཨར་ལས་ཀྱི་ཚད་ཡོད་དུས་ཚོད་དམ་འཛིན་བྱེད་དགོས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་ནས། བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་ཡོད་རྒུས་ལས་གཞི་སྔ་མོ་ནས་བསྐྲུན་པ་དང་སྔ་མོ་ནས་སྤྱོད་པ། སྔ་མོ་ནས་ཕན་འབྲས་ཐོན་པར་བྱེད་དགོས། ལས་གཞི་ཇུས་འགོད་དང་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞིའི་དུས་མགོའི་བྱ་བ་སྔོན་ལ་ཡག་པོ་སྒྲུབ་པ་དང་གོང་ནས་ལས་གཞི་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་གཞི་རྒྱུན་མཐུད་དང་རྒྱུན་མི་ཆད་པའི་འགན་ལེན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཏན་ཏིག་གཏོང་དགོས་ཟེར། འཇུ་ལག་ཞིང་ལས་དར་རྒྱས་སྦྲང་ལས་ཚད་ཡོད་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྦྲང་ལས་ཐོན་རྫས་ཐོན་སྐྱེད་བྲིན་ཚོང་དང་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། ཁེ་ལས་ཀྱིས་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་ཐོན་རྫས་ལྗོངས་ཁུལ་དང་སྒོ་རྩིས་ཚོང་ཁང་། ཆང་ཁང་སོགས་སུ་སྐྱོད་པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། པེ་ཅིང་དུ་བཅའ་སྡོད་བྱེད་པའི་མཚོ་བྱང་འབྲེལ་གཏུག་ཁྲུའུ་དང་ཧྲན་ཏུང་དོན་གཅོད་ཁྲུའུ་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། མཁོ་ཚོང་དང་ཕྱིར་གཏོང་ཕྱིར་ཚོང་སོགས་ཀྱི་ཐབས་ལམ་སྤྱད་དེ། ཁེ་ལས་ལ་ཐོན་རྫས་ཕྱིར་ཚོང་གི་སྟེགས་བུ་བསྐྲུན་ནས། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་གཞན་དུ་བསྐྱོད་པ་དང་རྒྱལ་ཁབ་གཞན་དུ་བསྐྱོད་ཐུབ་པ་བྱེད་དགོས་ཟེར།


ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་ལ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་སོ་སོ་ཤུགས་སྣོན་པ་དང་ནོར་ལུག་བཤས་གཏོང་ཁ་གསབ་སྲིད་ཇུས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ཏེ། ནོར་ལུག་བཤས་གཏོང་བྱ་བར་སྔར་ལས་དམ་འཛིན་ཡག་པོ་བྱེད་པ་དང་ནོར་ལུག་གི་ཁ་གསབ་བྱ་བར་དུས་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་པ། གཟན་རྩྭ་གསོག་འཇོག་ལ་ཤུགས་བསྣན་ནས་སྟོན་བསྡུའི"མཇུག་བསྡུའི་དམག་འཐབ"ཡག་པོ་རྒྱག་པ། གཞི་ཁྱོན་རང་བཞིན་གྱི་དབུལ་བོ་བསྐྱར་ལོག་དང་དབུལ་འགྱུར་མི་བྱུང་བའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱ་དགོས་པའི་མངགས་བཅོལ་གནང་།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་ཧོ་པིན། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号