ཝུའུ་ཞའོ་ཅུན་གྱིས་རྟ་ཐང་རྫོང་དུ་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་བྱ་བར་རྟོག་ཞིབ་བྱས།

ཟླ10པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འཚེ་གནོད་འགོག་གནོད་སེལ་རྒུད་སྐྱོབ་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ནུས་ཤུགས་ཡོད་རྒུས་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་བྱ་བ་ཡག་པོར་སྒྲུབ་དགོས་པ་དང་།    ཆ་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།    ཐོན་ལས་སྐྱེད་སྲིང་ལ་ཤུགས་སྣོན་པ།    ལས་ཞུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་གནས་སྤོ་ཐུབ་པ་དང་བརྟན་པོ་ཡོང་བ།    ཕྱུག་འགྱུར་ཐུབ་པ་བཅས་བྱེད་དགོས།

ཆིང་ཧྲན་ཡུལ་ཚོའི་ས་གཤིས་གནོད་འཚེ་བསྐྱར་སྐྲུན་གྱི་གཅིག་བསྡུས་བཀོད་སྒྲིག་སྡོད་ཁུལ་ཉིན་ཞིན་ཡོན་དུ་སྐྱོད་སྐབས།    ཐོག་ཁང་རེ་རེ་གྲལ་འགྲིག་པ་དང་།    སྡོད་ཁུལ་གྱི་གཙང་སྦྲ་བཟང་ལ་གྲལ་དག་པ།  རྒན་པའི་བྱ་འགུལ་ལྟེ་གནས་དང་དམངས་ཕན་ཞབས་ཞུའི་ལྟེ་གནས།   མང་ཚོགས་ཀྱི་གར་སྟེགས་ཆེན་པོ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་བ་ཡོད།     ཝུའུ་ཞའོ་ཅུན་གྱིས་ཚང་མ་དང་མཉམ་དུ་རྒྱུན་ལྡན་གྱི་འཚོ་བ་དང་འགྱུར་ལྡོག་གླེང་བ་དང་།   ཡུལ་མི་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དང་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།    ཁོས་བཤད་རྒྱུར།  ཁྱིམ་ཚང་གསར་པར་གནས་སྤར་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པའི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་བས་ཡིན་ལ། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་དྲན་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས།    སྡེ་དམངས་ཨུ་ཡོན་ལྷན་ཁང་གི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། གནས་སྤོ་བཀོད་སྒྲིག་བྱེད་པར་མང་ཚོགས་བདེ་སྡོད་ཡོང་བ་བྱེད་དགོས་པར་མ་ཟད་སྔར་ལས་བློ་བདེ་པོ་ཡོང་བ་བྱེད་དགོས།    འབྲེལ་ཡོད་ཕྱོགས་སོ་སོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱན་འཁྱོངས་བྱས་ཏེ། ཞབས་ཞུའི་སྟོབས་ཤུགས་དང་མཁྲེགས་ཆས་ཇེ་ལེགས་སུ་གཏོང་བ་དང་།    སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུ་ཁྱོན་ཡོངས་དང་ཞིབ་ཕྲའི་སྒོ་ནས་ཡག་པོར་སྒྲུབ་པ།    གནས་སྤར་བའི་མང་ཚོགས་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་མགྱོགས་མྱུར་སྒོས་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་བདེ་སྡོད་ལས་བརྩོན་ཡོང་བ་བྱེད་དགོས།   ཆའོ་ཐིག་གྲོང་རྡལ་ཞང་ཡཱང་པའོ་སྡེ་བའི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་ཁུལ་དུ། ཝུའུ་ཞའོ་ཅུན་གྱིས་གནས་སྤོའི་ལས་གཞི་འཛུགས་སྐྲུན་གྱི་གཞི་ཁྱོན་དང་།    ཁང་དབྱིབས་རྒྱ་ཁྱོན།    སྡོད་ཁང་མཛེས་བཟོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས།   ཁོས་བསྟན་དོན།  ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གནས་སྤར་བའི་མང་ཚོགས་ཀྱི་ལས་ཞུགས་དང་ཕྱིར་སྐྱོད།    སློབ་གསོ།    སྨན་བཅོས།    འཚོ་བའི་འགན་སྲུང་སོགས་ཀྱི་བྱ་བར་སྤྱི་འདོམས་ཡག་པོ་བྱས་ནས། གནས་སྤར་བའི་མང་ཚོགས་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་རོལ་ཐུབ་པ་བྱེད་དགོས།

རྟོག་ཞིབ་བྱེད་སྐབས།    ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་ཆེན་རིམ་པས་སྤྱི་འདོམས་དང་།    གྲོང་ཁྱེར་དང་ཁུལ་གྱིས་རྩ་འཛུགས་བྱེད་པ།    རྫོང་དང་ཆུའུ་ཡིས་དོན་འཁྱོལ”བཅས་བྱེད་དགོས་པའི་བླང་བྱ་ལྟར། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་།    ཐོན་ཁུངས་ཀྱི་ཐོབ་ཆ་དང་ཐེག་ནུསལ་སྤྱི་འདོམས་ཀྱིས་བསམ་གཞིག་བྱེད་པ་དང་།    མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ།    “བཅོས་སྐྱོང་ཆུང་ངུ་དང་གནས་སྤོ་ཆེན་པོ”རྒྱུན་འཁྱོངས་བྱེད་པ།    གཅིག་བསྡུས་བཀོད་སྒྲིག་དང་ཁ་ཐོར་བཀོད་སྒྲིག་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐོག་ནས། ས་གཤིས་གནོད་འཚེའི་གནས་སྤོ་བྱ་བ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྒྲུབ་དགོས།     སྲིད་ཇུས་ཀྱི་སྤྱི་འདོམས་དང་མ་དངུལ་གཅིག་བསྡུས་ལ་ཤུགས་བསྣན་ནས། ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བྱ་རྒྱུ་དེ་རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། ཞིང་འབྲེལ་ཞིང་ཁྲིད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་།    ཐོན་ལས་རོགས་སྐྱོར་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།    རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ།    མང་ཚོགས་ཀྱིས་རང་དང་ཐག་ཉེ་སར་ལས་ཞུགས་བྱེད་ཐུབ་པར་རོགས་རམ་བྱས་ཏེ།    མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号