ཏིན་ཞུའེ་ཞང་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པ།

ཟླ6པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏིན་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་པ་མ་ཟད་སྤྱི་བསྡོམས་གསུང་བཤད་གནང་།

ཟླ6པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏིན་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་པ་མ་ཟད་སྤྱི་བསྡོམས་གསུང་བཤད་གནང་།

ཏིན་ཞུའེ་ཞང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གནང་བ་དེས་དུས་རབས་གསར་པའི་བགྲོད་ལམ་གསར་པར་ཚན་རྩལ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་རྩའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། ང་ཚོས་དངོས་གནས་བསམ་བློའི་ངོས་འཛིན་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཡུན་རིང་འབད་བརྩོན་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་ཀྱིས་འཐབ་ཇུས་དམིགས་འབེན་ལ་གཞིགས་ནས། གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ། དུས་བཅད་ལྟར་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་བྱེད་དགོས།

ཏིན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། གསར་དར་གྱི་རྒྱལ་ཡོངས་ལམ་སྲོལ་གྱིས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། གཙོ་གནད་འགག་སྒྲོལ་ལས་འགན་ལ་དམིགས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཁྲེགས་གཏོར་ལ་རོགས་ལས་བྱེད་པ་དང་། རྨང་གཞི་ཞིབ་འཇུག་གི་གཞི་རྩ་སྲ་བརྟན་དུ་བཏང་སྟེ། ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས། ཚན་རྩལ་གསར་སྐྲུན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དེ། དགོས་མཁོའི་སྣེ་ཁྲིད་དང་ཁེ་ལས་ཀྱི་ཚན་རྩལ་གསར་སྐྲུན་གཙོ་གཞིའི་གོ་གནས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་གྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་དུ་གཏོང་བ་དེས་ཚན་རྩལ་གསར་སྐྲུན་ལ་སྒུལ་ཤུགས་དང་གསོན་ཤུགས་བསྩལ་ནས། ཚན་རྩལ་འཆར་འགོད་དང་སྲིད་ཇུས་ལམ་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་ཐོན་ཁུངས་སྤྱི་འདོམས་ལ་ཤུགས་བསྣན་ནས་ཚན་ཞིབ་མི་སྣས་དོ་སྣང་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་ཇེ་མགྱོགས་སུ་གཏོང་དགོས། སློབ་གསོ་དང་ཚན་རྩལ་གྱི་འཇོན་མི་གཅིག་གྱུར་འཕེལ་རྒྱས་ཀྱིས་ཚན་རྩལ་གྱི་རང་སྟོབས་རང་སྤེལ་གྱི་རྨང་གཞི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ་དང་། ཚན་རིག་སློབ་གསོའི་མཐུན་སྦྱོར་མི་སྐྱོང་དང་འཇོན་མི་ནང་འདྲེན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ན་གཞོན་འཇོན་མིར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འཕྲལ་མཁོའི་ཚན་རྩལ་འཇོན་མི་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་དགོས། འཛམ་གླིང་ལ་སྒོ་འབྱེད་མཉམ་ལས་བྱེད་པར་བརྟེན་ནས་ཚན་རྩལ་གྱི་འཕེལ་རྒྱས་དང་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དུ་བཏང་སྟེ། འཛམ་གླིང་གི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་སྐྲུན་གྱི་སྒོ་འབྱེད་ཁོར་ཡུག་བསྐྲུན་པ་དང་། འཛམ་གླིང་གི་ཚན་རྩལ་བཅོས་སྐྱོང་ལ་སྔ་མོ་ནས་ཇུས་འགོད་དང་གཏིང་ཟབ་ངང་ཞུགས་དགོས།

ཏིན་ཞུའེ་ཞང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོསས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་འཇོན་ནུས་ལ་ཤུགས་བསྣན་ནས། གཟེར་མ་འདེབས་པའི་སྙིང་སྟོབས་ཀྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནུས་ཐོན་ལ་ཁག་ཐེག་བྱེད་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཤུགས་ཆེན་པོས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། ཚན་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་པ་དང་། ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་བའི་བླང་བྱ་བཏོན།

ལིའུ་གོ་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་། ལི་ཀན་ཅེ་དང་ཀྲང་གོ་ཆིན། ཐེ་ཉིང་། ཁྲེན་ཝུའུ། ཝང་ཀོང་ཆན་དང་ཁྲེན་ཀྲུའུ། ཝང་ཀྲི་ཀྲིན། ཧན་ཆི་ཏི་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་རྒྱུ་ནོར་ཨུ་ལྷན། པེ་ཅིན་གྲོང་ཁྱེར་། ཧུའུ་ནན་ཞིང་ཆེན། ཧྲའན་ཞི་ཞིང་ཆེན། ཧྲིན་ཀྲིན་གྲོང་ཁྱེར། ཀྲུང་གོ་ཚན་རིག་གླིང་ཏ་ལེན་རྫས་འགྱུར་དངོས་ལུགས་ཞིབ་འཇུག་སའོ། ཆིན་ཧྭ་སློབ་ཆེན། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་ཟི། འབྲི་ཆུའི་ཟུར་གསུམ་རྒྱལ་ཁབ་ཚན་རྩལ་གསར་སྐྲུན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱི་འཐུས་མི་དང་གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན་གྱི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号