ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར103ལོན་པར་རྟེན་འབྲེལ་ཞུ་བའི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་པེ་ཅིན་དུ་བསྡུས་པ།

ཟླ6པའི་ཚེས30ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར103ལོན་པར་རྟེན་འབྲེལ་ཞུ་བའི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་དེ་ཀྲུང་གོའི་གུང་ཁྲན་ཏང་ལོ་རྒྱུས་འགྲེམ་སྟོན་ཁང་དུ་བསྡུས་ཤིང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང“དུས་རབས་ཀྱི་མིག་དཔེ”། རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་འཐུས་མི་སྐོར་ཞིག་དང་། སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས། སྲོལ་རྒྱུན་རིག་གནས་ཞིབ་འཇུག་ཁྱབ་ཁོངས། རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་སྐོར་ཞིག རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས800ལྷག་བཅས་ཀྱིས་ཡུལ་དངོས་སུ་འཁྲབ་སྟོན་ལ་བལྟས།

མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་ཀྱིས་མཉམ་སྒྲོག་རོལ་དབྱངས་དང་མཉམ་སྒྲོག་མཉམ་ལེན། རོལ་དབྱངས་དཀྲོལ་པ་སོགས་ཀྱི་རྣམ་པས《དར་དམར་བསྟོད་བསྔགས》དང《དུས་རབས་གསར་པའི་མདུན་སྐྱོད་རོལ་དབྱངས》《རྨ་ཆུ་སྲུང་སྐྱོབ་བྱེད་པ》《ལོ་ལེགས་ཀྱི་གླུ་དབྱངས》《འབྲི་ཆུའི་འགག་གསུམ་བརྒལ་བ》《ཏང་གི་བུ་མོ》《ཧུང་ཧུའུ་དམར་སྲུང་རུ་ཁག》《ང་ཚོར་མདུན་ལམ་ཡག་པོ་ཡོད》སོགས་ང་ཚོའི་ཏང་གི་ལོ་ངོ100ལྷག་གི་འབད་འཐབ་བརྒྱུད་རིམ་གྱི་ལོ་རྒྱུས་དུས་སྐབས་མི་འདྲ་བའི་རོལ་དབྱངས་བརྩམས་ཆོས20ལྷག་དཀྲོལ་གཏོང་བྱས་ཡོད། ཡུལ་དངོས་ཀྱི་རྣམ་པ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་བ་དང་། འགྱུར་ཁུག་ཡར་རྒྱས་ཀྱི་རྣམ་པ་ལྡན་པས། སྒྱུ་རྩལ་པ་རྣམས་ཀྱི་སྤྲོ་སེམས་འཁོལ་བ་དང་ཕུལ་དུ་བྱུང་བའི་སྒྱུ་རྩལ་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། མི་རིགས་བསྐྱར་དར་ལ་གཞོལ་བ་བཅས་ཀྱི་སྤོབས་སེམས་དང་ཕུགས་འདུན་བརྗོད་ཡོད།

ཀྲུང་གོ་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པ། ཀྲུང་གོའི་གླུ་གར་ཞབས་བྲོའི་ཟློས་གར་ཁང་། ཀྲུང་དབྱང་གླུ་གར་ཁང་། ཀྲུང་དབྱང་པ་ལིའི་ཞབས་བྲོ་ཚོགས་པ། ཐེན་ཅིན་རོལ་དབྱངས་སློབ་གླིང་སོགས་ཚན་པ་འཁྲབ་སྟོན་ཁྲོད་ཞུགས་ཡོད། ཝང་དབྱི་ཧྥེང་དང་ཝང་ཙེ་ནན། ཝང་ཐིན། ཐེན་ཀྲེང་། ཅི་ཝུའེ། ལིའུ་ཏན་ལི། ཨན་ཐེན་ཞུའུ། ཏུའུ་ཕུང་ཕེང་། ཁྲེན་དབྱིན་ཀྲུའུ། ཧྥན་ཀྲི་པོ། ཅིན་ཀང་། ཡའོ་ལིའང་། ཡོན་ཏིན། ཀའོ་ཕེང་། ཐང་ཧྥེང་། ཞུའེ་ཧའོ་ཡིན། ཧོ་ཡོན་ཡོན་སོགས་སྒྱུ་རྩལ་པ་དར་མ་དང་ན་གཞོན་རྣམས་ཀྱིས་གར་སྟེགས་གཅིག་ཏུ་འཁྲབ་སྟོན་བྱས།

རོལ་དབྱང་འདུ་ཚོགས་དེ་ཟླ7པའི་ཚེས1ཉིན་གྱི་དགོང་མོར་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁབ་ཁང་གི་ཕྱོགས་བསྡུས་ཟློས་ལམ་དང་སྣ་འདུས་རིག་རྩལ་ཟློས་ལམ་གྱི་དུས་བཟང་སྐབས་སུ་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号