ཞི་ཅིན་ཕིང་གིས་སྨི་ལུའུ་ཡི་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་གིས་པའོ་ལུའུ་ཨ་ཨར་ཐི་དང་ཕྱག་འཇུ་མཛད་པའི་ཚུལ་རེད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སྨི་ལུའུ་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་བར་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་དམངས་བར་གྱི་མཛའ་བརྩེ་དེ་མིའི་སེམས་སུ་ཟུག་ཡོད། སྨི་ལུའུ་ནི་ཆེས་སྔ་མོར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་ཤིང་། ཆེས་སྔ་མོར་ཀྲུང་གོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་ཅིག་ཡིན་པ་དང་། ཆེས་ཐོག་མར་ཀྲུང་གོའི་བར་རང་དབང་ཉོ་ཚོང་གྲོས་ཆོད་རབ་དང་རིམ་པ་བཀོད་པའི་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་སྨི་ལུའུ་ཡི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱི་སྨི་ལུའུ་ཡི་མཉམ་ལས་ལས་གཞི་གལ་ཆེན་གྱིས་སྨི་ལུའུ་ཡི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོའི་ལེགས་བཅོས་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སྨི་ལུའུ་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྨི་ལུའུ་ཕྱོགས་དང་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དཔལ་ཡོན་དཔེར་ལེན་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་བཅས་བྱས་ཏེ། ཀྲུང་གོ་དང་སྨི་ལུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ནམ་རྒྱུན་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། ཀྲུང་གོ་དང་སྨི་ལུའུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཕེལ་རྒྱས་སྲུང་འཛིན་བྱེད་ཐུབ་པའི་གཞི་རྩའི་རྒྱུ་རྐྱེན་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྨི་ལུའུ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་ཅིང་། སྨི་ལུའུ་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་དང་སྨི་ལུའུ་ཡི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་དཔལ་འབྱོར་མཉམ་ལས་ཀྱི་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པའི་འགུལ་སྐྱོད་སྣ་བརྒྱད་དང་སྨི་ལུའུ་ཕྱོགས་ཀྱི་འཕེལ་རྒྱས་དགོས་མཁོར་སྦྲེལ་མཐུད་བྱས་ནས། གཏེར་ཁ་དང་ནུས་ཁུངས། བཟོ་སྐྲུན་ལས་རིགས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གསར་བ་དང་གཞི་གྲངས་དཔལ་ཡོན། མིས་བཟོས་རིག་ནུས། གཞི་གྲངས་སྨན་བཅོས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། སྔར་ལས་མང་བའི་སྨི་ལུའུ་ཡི་སྤུས་ལེགས་ཐོན་རྫས་ཀྲུང་གོའི་ཚོང་རར་ཞུགས་པར་དགའ་བསུ་བྱེད་པ་དང་། སྨི་ལུའུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྨི་ལུའུ་ལ་སོང་ནས་དངུལ་གཏོང་དང་དུས་ཡུན་རིང་བོའི་མཉམ་ལས་སྤེལ་བར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་དགོས། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཆན་ཁའེ་གྲུ་ཁ་དུས་ལྟར་འགྲུབ་པ་དང་ཀྲུང་གོ་དང་ལཱ་ཏེན་མེ་གླིང་བར་གྱི་སྐམ་སའི་རྒྱུ་ལམ་གསར་བར་འགྱུར་བར་འགན་སྲུང་བྱས་ཏེ། ཆན་ཁའེ་ནས་ཧྲང་ཧེ་བར་གྱི་རྒྱུ་ལམ་དེ་ངེས་པ་དོན་གྱིས་ཀྲུང་གོ་དང་སྨི་ལུའུ་ཡི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དར་རྒྱས་བགྲོད་ལམ་ཞིག་ཏུ་འགྱུར་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྨི་ལུའུ་ཡི་ན་གཞོན་སློབ་མ་སྔར་ལས་མང་པོར་ཀྲུང་གོའི་སློབ་སྦྱོང་བྱ་དགའི་ཁ་གྲངས་མང་བོ་འདོན་སྤྲོད་བྱས་ནས་། སློབ་གསོ་དང་རིག་གནས། ཡུལ་སྐོར། ན་གཞོན། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་སྔར་ལས་སྲ་ཞིང་བརྟན་པའི་དམངས་སེམས་ཀྱི་རྨང་གཞི་བསྐྲུན་འདོད་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སྨི་ལུའུ་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་བསྐོར་བའི་ས་ཁུལ་གྱི་གསར་དར་ཚོང་རའི་རྒྱལ་ཁབ་གལ་ཆེན་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཡིན། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྨི་ལུའུ་ཡིས་ད་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་བཟང་བོར་སྤེལ་བ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཀྱི་ཁ་ཕྱོགས་ཡང་དག་ལ་སྲུང་སྐྱོབ་བྱས་ཏེ། ཕྱི་ཕྱོགས་ལ་སྒོ་འབྱེད་རྣམ་པ་ཅན་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཛུགས་སྐྲུན་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་བོར་སྒྲོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྨི་ལུའུ་སོགས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད།

པའོ་ལུའུ་ཨ་ཨར་ཐི་ཡིས་བསྟན་དོན། སྲིད་འཛིན་ལས་ཁུངས་ཀྱི་པུའུ་ཀྲང་དང་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་ཁྲིད་ནས་ཀྲུང་གོར་འཚམ་འདྲིར་ཡོང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། སྨི་ལུའུ་དང་ཀྲུང་གོ་གཉིས་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་ཞིང་། ལོ་རྒྱུས་སྟེང་ཀྲུང་གོ་བས་སྨི་ལུའུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། རིག་གནས་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཁྱད་པར་དུ་ཀྲུང་གོའི་ཁེ་ལས་ཀྱིས་སྨི་ལུའུ་ནས་དངུལ་གཏོང་མཉམ་ལས་བྱས་ཏེ། སྨི་ལུའུ་ལ་ལས་ཞུགས་གོ་སྐབས་མང་བོ་བསྐྲུན་པར་མ་ཟད་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་མང་བོ་བསགས་ཡོད། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་སྨི་ལུའུ་ལ་ཡོང་ནས་དངུལ་གཏོང་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་དང་ལྷད་མེད་འཕེལ་རྒྱས། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྨི་ལུའུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་འདོད་ཡོད། སྨི་ལུའུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཆན་ཁའེ་གྲུ་ཁའི་ལས་གཞི་དུས་ལྟར་ལེགས་འགྲུབ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད། 1971ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། སྨི་ལུའུ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། སྨི་ལུའུ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ངེས་ཡིན། སྨི་ལུའུ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་གཞི་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་རྩ་འཛུགས་སོགས་སྣེ་མང་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་དང་རོགས་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ་སྒོ་འབྱེད་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་འདོད་ཡོད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱིས་གཙོ་བདག་གིས་ཐུན་མོང་ཐོག་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་བྱེད་པའི་ཚུལ་རེད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ན་མོང་ཐོག་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་བྱས། འདི་ནི་ཞི་ཅིན་ཕིང་དང་པའོ་ལུའུ་ཨ་ཨར་ཐི་ཡིས་ལག་འཇུག་བྱེད་པའི་ཚུལ་རེད།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་སྨི་ལུའུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི2024ལོ་ནས2029ལོའི་བར་གྱི་ཐུན་མོང་འགུལ་སྐྱོད་འཆར་གཞི་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས། གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད། རིམས་ནད་ཞིབ་བཤེར། གསར་འགྱུར་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་རྟགས་འགོད་པར་བདེན་དཔང་མཛད། ཕྱོགས་གཉིས་ཀྱིས་ངོ་བོ་རང་བཞིན་ལྡན་པའི་སྒོ་ནས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་པ་སྤར་བའི་གྲོས་མོལ་ཡོངས་འགྲུབ་བྱས་པ་ཁྱབ་བསྒྲགས་བྱས།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་པའོ་ལུའུ་ཨ་ཨར་ཐི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་པའོ་ལུའུ་ཨ་ཨར་ཐི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་པའོ་ལུའུ་ཨ་ཨར་ཐི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་པའོ་ལུའུ་ཨ་ཨར་ཐི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།

ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སྨི་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་པའོ་ལུའུ་ཨ་ཨར་ཐི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།

གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་པའོ་ལུའུ་ཨ་ཨར་ཐི་ལ་དགའ་བསུའི་མཛད་སྒོ་སྤེལ།

པའོ་ལུའུ་ཨ་ཨར་ཐི་འབྱོར་སྐབས། གུས་ལུགས་དམག་དཔུང་གིས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གཟིགས་ཞིབ་སྟེགས་བུའི་སྟེང་་ཕེབས་ལ། དམག་དཔུང་གི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་སྨི་ལུའུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལེན་བྱས། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་གུས་ལུགས་ཀྱི་མེ་སྒྱོགས་ཐེངས་ཉེར་གཅིག་འཕངས།

པའོ་ལུའུ་ཨ་ཨར་ཐི་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེལ་རུ་ཁག་ལ་གཟིགས་ཞིབ་བྱས་པ་དང་རུ་དཔུང་སྒྲིག་པའི་རྣམ་པར་བལྟས།

ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ནས་པའོ་ལུའུ་ཨ་ཨར་ཐི་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་་བྱ་འགུལ་ལ་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号