རྟེན་འབྲེལ་འཕྲིན་ཡིག

ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་གཙང་བརྒལ་བགྲོད་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱ་རྩིས་ཡོད་པའི་སྐབས་འདིར་ངས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། འཆར་འགོད་འཛུགས་སྐྲུན་ཁྲོད་ཞུགས་པའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན།

ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་བགྲོད་ལམ་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་རྗེས་ཀོང་ཏུང་དང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་པོའི་ཁུལ་དུ་བསྐྲུན་པའི་འགྲིམ་འགྲུལ་ལས་གཞི་ཧ་ཅང་ཆེན་པོ་ཞིག་ཡིན་པས། དེས་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་བསལ་ནས་འཛམ་གླིང་གི་ཟིན་ཐོ་མང་པོ་བསྐྲུན་ཡོད། དེའི་ཁྲོད་ཞུགས་མཁན་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་སྙིང་རུས་བརྟན་པོ་སྤྱད་དེ་སྤུས་ཚད་མཐོ་བའི་ལས་གཞིའི་ལས་འགན་ལེགས་འགྲུབ་བྱས་པ་རེད། དེ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བསྒྲུབས་པ་ལས་བྱུང་བ་ཡིན་ཞིང་། བྱ་གཞག་རླབས་པོ་ཆེ་ཚང་མ་དངོས་སུ་བསྒྲུབས་པ་ལས་ལེགས་འགྲུབ་བྱུང་བ་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད།

རྗེས་མར་ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་བགྲོད་ལམ་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ཏེ། བདེ་འཇགས་དང་བདེ་བླག བག་ཕེབས། ཤེས་རིག་བཅས་ཀྱི་འཁོར་སྐྱོད་ལ་ཁག་ཐེག་དང་། འགྲིམ་འགྲུལ་ལམ་གཏོད་གདོང་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུའུ་ཅང་གཙང་པོའི་མདོ་ཤར་ནུབ་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀོང་ཏུང་དང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་པོའི་རྨང་གཞིའི་སྒྲིག་ཆས“སྲ་སྦྲེལ”དང་སྒྲིག་སྲོལ་ལམ་སྲོལ“མཉེན་སྦྲེལ”གྱི་ཆུ་ཚད་མཐོ་རུ་གཏོང་བ། ཀོང་ཏུང་དང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་པོའི་ཁྲོམ་ར་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀོང་ཏུང་དང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་པོའི་ཁུལ་དེ་འཕེལ་རྒྱས་རྣམ་པ་གསར་པའི་འཐབ་ཇུས་ཀྱི་ལྟེ་གནས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ས་གནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣེ་ཁྲིད་བྱེད་ས་བཅས་སུ་འགྱུར་བར་ཞབས་ཞུའི་འགན་ལེན་སྔར་ལས་ལེགས་པ་མཁོ་འདོན་བྱ་རྒྱུ་རེད། 

ཞི་ཅིན་ཕིང་། 

2024ལོའི་ཟླ6པའི་ཚེས30ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号