ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ་དང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཚེས7ཉིན་གྱི་སྔ་དྲོར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཞིན་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཧོ་ལི་ཧྥེང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚེས7ཉིན་གྱི་སྔ་དྲོར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཞིན་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཧོ་ལི་ཧྥེང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚེས7ཉིན་གྱི་སྔ་དྲོར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཞིན་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཧོ་ལི་ཧྥེང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད།

1954ལོའི་ཟླ10པར། ཏང་ཀྲུང་དབྱང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཞིན་ཅང་དུ་བཅའ་སྡོད་བྱེད་པའི་དམག་དཔུང་མང་ཆེ་བ་ས་གནས་དེ་རུ་མཉམ་དུ་ལས་སྒྱུར་བྱེད་པ་དང་། ཞིན་ཅང་དུ་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་སྒྲིག་འཛུགས་བྱས་ཏེ་དམིགས་བསལ་གྱི་ལས་འགན་བསྒྲུབ་རྒྱུའི་ཐག་བཅད།  ལོ་ངོ70ཡི་རིང་། འཛུགས་སྐྲུན་དམག་དཔུང་གིས“མེས་རྒྱལ་ལ་དགའ་ཞེན་དང་།  སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་སྐྲུན་དང་གསར་གཏོད་ཡར་བརྩོན”བཅས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ཏེ། ཞིན་ཅང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་མཐའ་སྲུང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད།

ཚེས7ཉིན་གྱི་སྔ་དྲོར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཞིན་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་དང་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་མེའོ་ཧྭ་ཡིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་སྤྲིངས་པའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས།

དུས་ཚོད11སྟེང་། ཚོགས་ཆེན་འཚོགས་མགོ་བརྩམས། ཚོགས་ར་ཡོངས་ཀྱི་མི་ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་མེའོ་ཧྭ་ཡིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་སྤྲིངས་པའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཧོ་ལི་ཧྥིན་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཙུགས་ནས་ལོ་འཁོར70ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དམག་དཔུང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་པ། མང་ཚོགས་བཅས་ལ་བྱམས་བརྩེ་ལྡན་པའི་ངང་འཚམས་འདྲི་ཞུས་ཤིང་། དུས་ཡུན་རིང་པོར་དམག་དཔུང་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ལས་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ཧོ་ལི་ཧྥེང་གིས་བསྟན་དོན། ལོ་ངོ70ཡི་རིང་། དམག་དཔུང་གིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་གསར་སྦོལ་མཐའ་སྲུང་གི་ལམ་གསར་པ་ཞིག་བཏོད་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིན་ཅང་གི་དོན་དངོས་དང་མཐུན་པའི་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། དམག་དཔུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དངོས་སྒྲུབ་ཡར་བརྩོན་དང་རྒྱུན་མཐུད་འབད་འཐབ་བྱས་ནས།   ལས་དོན་སྣ་ཚོགས་ཕྱོགས་ཡོངས་ནས་གོང་དུ་སྤེལ་ཏེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། མི་རབས་ཁ་ཤས་ཀྱི་དམག་དཔུང་གི་མི་རྣམས་ཀྱིས་བློས་གཏོང་དང་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། རྩ་ཆེའི་ཉམས་མྱོང་མང་པོ་གྲུབ་ཡོད།

ཧོ་ལི་ཧྥེང་གིས་བསྟན་དོན། དུས་རབས་གསར་པའི་བགྲོད་ལམ་གསར་པར་དམག་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིན་ཅང་དང་དམག་དཔུང་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པར་བརྟན་བརླིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་བའི་དགེ་མཚན་གསར་པ་གཏོད་པར་བརྟེན་ནས་ཞིན་ཅང་གི་སྤྱི་ཚོགས་བརྟན་བརླིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཞབས་འདེགས་ཞུ་བ་དང་།  ཐོན་ལས་ཚན་རྩལ་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཀྱི་གསོན་ཤུགས་གསར་པར་བརྟེན་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་བགྲོད་ལམ་གསར་པ་གཏོད་པ་དང་། ནུབ་ཏུ་སྒོ་མོ་འབྱེད་པའི་ཟམ་སྣེའི་བཙན་རྫོང་བསྐྲུན་པ། མི་སེམས་གཅིག་ཏུ་སྒྲིལ་བའི་རྣམ་པ་གསར་པ་བསྐྲུན་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བ། དམག་དཔུང་གི་དཔུང་སྡེའི་སྣང་བརྙན་གསར་པ་གཏོད་པར་བརྟེན་ནས་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པའི་ངང་བསྒྲུབ་པར་འགན་ལེན་བྱེད་པ། དམག་དཔུང་སྔར་ལས་སྟོབས་ལྡན་དང་སྔར་ལས་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ནས།  མཛེས་སྡུག་ལྡན་པའི་ཞིན་ཅང་འཛུགས་སྐྲུན་དང་ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པར་ནུས་པ་སྔར་ལས་ཆེན་པོ་འདོན་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་མཱ་ཞིན་རུའེ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། དུས་རབས་གསར་པར་དམག་དཔུང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་བཅས་ལ་རག་ལས་ཡོད། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་སྟེང་། དམག་དཔུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ཡང་དག་པ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཞིན་ཅང་གི་བྱ་བའི་སྤྱིའི་དམིགས་འབེན་དམ་འཛིན་བྱེད་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་གནད་དུ་འཛིན་པ། ཀྲུང་དབྱང་གིས་དམག་དཔུང་ལ་བཏོན་པའི་ངེས་གནས་ཀྱི་བླང་བྱར་དམ་དུ་དམིགས་པ།  འོས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་བཅས་བྱས་ནས།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམག་དཔུང་གི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཏང་ཨུའི་ཧྲུའུ་ཅིའམ་ཆབ་སྲིད་ཨུ་ཡོན་ཧོ་ཀྲུང་ཡིའུ་ཡིས་ཚོགས་ཆེན་ཐོག་གཏམ་བཤད།

ཚོགས་ཆེན་མ་འཚོགས་གོང་། ཧོ་ལི་ཧྥེང་སོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གསུམ་གྱི་འགན་འཁུར་བློ་མཐུན་དང་། དཔུང་ཚོགས་ཀྱི་འགན་འཁུར་བློ་མཐུན་རྒན་གཞོན།  འཐབ་མོ་པ་རྒན་པ་དང་ངལ་རྩོལ་དཔེ་བཟང་གི་འཐུས་མི། ཁ་གཏད་རོགས་སྐྱོར་དཔུང་ཚོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་འཐུས་མི་བཅས་ལ་ཐུག་འཕྲད་གནང་བར་མ་ཟད་མཉམ་དུ་པར་བླངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号