གཞིས་རྩེར་ཟླ་བའི་གོ་ལའི་འཚོལ་ཞིབ་རྒྱང་ཤེལ་དཔྱང་སྒྲིག་བྱས་པ།

ཟླ10པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་གནམ་དཔྱད་ལས་ཁུངས་དང་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཀུང་སི་ཨང་སོ་དགུ་པའི་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་གཞིས་རྩེའི་སྨི40ཡོད་པའི་གློག་འགྱུ་གནམ་དཔྱད་རྒྱང་ཤེལ་དེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་གནམ་སྐུད་མ་ལག་གི་ལྡོག་འཕྲོ་གཟུགས་པོ་གཙོ་བོའི་དཔྱང་སྒྲིག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། དེ་ཐོག་ནས་གནམ་སྐུད་འཕྲུལ་ཆས་སྒྲིག་འཛུགས་ཐོག་མར་ལེགས་གྲུབ་བྱུང་ནས། རྗེས་མཐུད་ཀྱི་རྒྱང་ཤེལ་གློག་རླངས་སྙོམས་སྒྲིག་ཚོད་ལྟ་སོགས་མཉམ་དུ་ལེགས་སྒྲིག་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

གཞིས་རྩེའི་སྨི40ཡི་གློག་འགྱུ་གནམ་དཔྱད་རྒྱང་ཤེལ་ནི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་དུས་ཐེངས་བཞི་པའི་མ་འཇོག་བྱས་ནས་བསྐྲུན་པའི་གློག་འགྱུ་གནམ་དཔྱད་རྒྱང་ཤེལ་ཞིག་ཡིན་པ་དང་།  ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པར་བྱ་ཆེད། གཞིས་རྩེའི་སྨི40ཡི་གློག་འགྱུ་གནམ་དཔྱད་རྒྱང་ཤེལ་ལ་སྔོན་ཐོན་གྱི་ལག་རྩལ་མང་པོ་སྤྱད་པ་དཔེར་ན། གནམ་སྐུད་ལ་ཁྱོན་ཡོངས་དང་།སྒུལ་བདེ། ཞིབ་ཚད་མཐོ་བ། སྤྱོད་སྒོ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། 

སྔོན་དཔག་བྱས་ན་རྒྱང་ཤེལ་དེ2024ལོའི་ལོ་མཇུག་ཏུ་གཞི་རྩའི་འཛུགས་སྐྲུན་ལེགས་འགྲུབ་ཐུབ་རྒྱུ་དང་། 2025ལོའི་ལོ་འགོརVLBIཡི་ལྟ་ཞིབ་ཚད་ལེན་ནུས་པ་ལྡན་རྒྱུ་རེད། གཞིས་རྩེའི་སྨི40ཡི་གློག་འགྱུ་གནམ་དཔྱད་རྒྱང་ཤེལ་དང་ཁྲང་པའེ་རི་བོའི་སྨི40ཡི་གློག་འགྱུ་གནམ་དཔྱད་རྒྱང་ཤེལ་བསྐྲུན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པ་དེས་རང་རྒྱལ་གྱི་ད་ཡོདVLBIཚད་འཇལ་གཏན་འཁེལ་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས། རྗེས་མཐུད་ཀྱི་ཟླ་བའི་གོ་ལ་དང་རྒྱུ་སྐར་འཚོལ་ཞིབ་ཚད་ལེན་དང་། མི་ཞུགས་ཟླ་བར་འཛེག་པའི་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号