སྟོན་ཟླ་དགུ་པའི་མདོ་ལ་རིང་མོའི་མཛེས་སྡུག

སྟོན་དུས་ཀྱི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་། 

ཟླ་དགུ་པའི་ཟླ་མཇུག་ཏུ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་དུ་སྟོན་ཁའི་རྣམ་པ་ཡོངས་སུ་མངོན་ཡོད། ནས་ཞིང་གྲུ་བཞི་དང་རི་བོའི་མུ་ཁྱུད། ད་རུང་མཐའ་ཡས་པའི་རྩྭ་ཐང་བཅས་ཀྱིས་རིམ་གྱིས་གསེར་མདོག་གི་རྒྱན་གོས་མནབས་ཏེ་མཛེས་སྡུག་གི་རི་མོ་ཞིག་གྲུབ་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཁོངས་སུ་བསྐྱོད་སྐབས། རི་ཀླུང་གི་གསེབ་ཏུ་ཆགས་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་ལྟེ་གནས་སུ་བྱ་དེ་སྔོན་པོ་དང་གཙོད། ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་རི་སྐྱེས་སྲོག་ཆགས་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། ཡུལ་གྲུ་ཀུན་ཏུ་ནགས་ཚལ་གྱིས་ཡོངས་སུ་གཡོགས་ཤིང་སྤྲིན་སྨུག་བན་བུན་འཁྲིགས་པས་མི་ཡུལ་གྱི་ལྷ་ཡུལ་ལྟ་བུར་གྱུར།

མདོ་ལ་རི་བོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་ཁུངས་གཙོ་བོ་ཞིག་ཡིན། དེའི་ས་ཁོངས་སུ་རི་མཐོ་དང་འཁྱགས་རོམ། ནགས་ཚལ། རྩྭ་ཐང་སོགས་ཚུད་ཡོད་པ་དང་། ས་བབ་སྨི2000ནས5000བར་ཡིན་པ་དེ་ནི་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཟིགས་སྐྱོང་ས་ཁོངས་ཡིན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི5.02ཟིན་པའི་ནང་མཚོ་སྔོན་ཡུག་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.58ཟིན་པ་དང་། དེའི་ནང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་གཏེར་ལེན་ཁ་གྲོང་ཁྱེར་བཅས་དང་འབྲེལ་བ་ཡོད་པ་དང་། དེར་མཚོ་སྔོན་གྱི་མདོ་ལ་རིང་མོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཧེ་ཧོ་ཆུ་མགོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་སོགས་ཀྱི་སྲུང་སྐྱོང་ཁུལ་ཚུད་ཡོད་པ་རེད། 

མདོ་ལ་རི་བོའི་འདབས་རོལ་གྱི་ནས་ཞིང་། 

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླི་གླིང་གི་ཆུ་རྒྱུན། 

ས་མཐོའི་གྲོག་རོང་། 

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས་ཀྱི་གཙོད། 

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས། 

མདོ་ལ་རི་བོའི་འདབས་རོལ་གྱི་སྟོན་ལྗོངས། 

འདྲེ་ཚེར་མ། 

གྲོག་རོང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号