ཀྲང་ཧྲིང་ཡོན་གྱིས་ཁུལ་མི་དམངས་སྨན་ཁང་དང་པོར་རྟོག་ཞིབ་གནང་།

ཟླ9པའི་ཚེས12ཉིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་འཁོར་དང་བཅས་པ་མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོར་རྟོག་ཞིབ་གནང་བར་ཕེབས་པ་དང་།  སྨན་ཁང་གི་འགན་འཁུར་བས་ད་ལྟའི་དུས་རིམ་གྱི་སྨན་ཁང་འཛུགས་སྐྲུན་གནས་ཚུལ་དང་།  མི་སྣའི་གནས་ཚུལ།  ཚན་ཁག་བཀོད་སྒྲིག    ད་ཡོད་ཀྱི་སྒྲིག་ཆས།  སྨན་བཅོས་ཀྱི་དམིགས་ཚད་ཐད་ཀྱི་སྙན་ཞུ་ཞུས།

8622c53ffb105fa1d9e44a352359be5a_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

རྟོག་ཞིབ་གནང་སྐབས།  ཀྲང་ཧྲིང་ཡོན་འཁོར་དང་བཅས་པ་སྨན་ཁང་གི་ནད་ཐོག་སྨན་བཅོས་ཚན་ཁག་དང་སྨན་བཅོས་ལག་རྩལ་ཚན་ཁག་ཏུ་བསྐྱོད་དེ་ཡུལ་དངོས་ལྟ་ཞིབ་བྱས་ཤིང་།  མིག་སྔའི་ཚན་ཁག་སོ་སོའི་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་དང་ཆབས་ཅིག་སྨན་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་པ་དང་། སྨན་ཁང་གི་རོགས་སྐྱོར་ཆེད་མཁས་པར་བྱམས་བརྩེའི་འཚམས་འདྲི་དང་། བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་། 06f933b3e547d9561aca550ef5ee7d69_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ཀྲང་ཧྲིང་ཡོན་གྱིས་སྨན་ཁང་གི་ནད་བརྟག་སྨན་བཅོས་ཁོར་ཡུག་དང་རིག་ཚན་འཕེལ་རྒྱས་ཐད་ལ་ཡིད་ཚིམ་ཚུལ་བསྟན་པ་དང་།  སྨན་ཁང་གིས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”དགོངས་དོན་དུ་རྩིས་ཏེ་ཤེས་ལྡན་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ཆེད་ཚན་དང་ཁྱད་ལྡན་ཆེད་ཚན་བསྐྲུན་པར་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་དང་།  འཕྲལ་བཅོས་མྱུར་སྐྱོབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།  སྨན་ཁང་གི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནད་པའི་སྨན་བཅོས་ཉམས་ལེན་ཟབ་ཏུ་གཏོང་བ།   སྨན་ཁང་གི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས།   མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བཅས་བྱ་དགོས་པའི་བླང་བྱ་བཏོན།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་། ཧ་ཝུན་ཞུག ཁུལ་སྲིད་གཞུང་གི་དྲུང་ཆེ་ཀྲུའུ་ལིན། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཧོང་ཧྥེ་བཅས་ཀྱིས་རྟོག་ཞིབ་གནང་རོགས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号