མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཀྱིས་འཆལ་སྤྱོད་རྒྱན་འགྱེད་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་ཅན་གྱི་ཁུངས་སྣེ་འཚོལ་བའི་བརྡ་ཁྱབ།图片

འཆལ་སྤྱོད་དང་རྒྱན་འགྱེད”ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་དང་། སྤྱི་ཚོགས་ཐོག་གི་སྐྱུག་བྲོ་བའི་སྣང་ཚུལ་དག་གཙང་སེལ་བྱས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཆེད། མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཀྱིས་དབྱར་དུས་ཀྱི་རྡུང་རྡེག་ཚ་ནན་གཏོང་བའི་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་ཟུང་འབྲེལ་བྱས་ནསའཆལ་སྤྱོད་དང་རྒྱན་འགྱེད”ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་ཅན་གྱི་ཁུངས་སྣེ་དག་སྤྱི་ཚོགས་ཡོངས་ལ་ཁ་གཏད་ནས་འཚོལ་བའི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག  ཐེར་འདོན་ཁུངས་སྣེ་བདག་སྤྲོད་བྱེད་པའི་ཁྱབ་ཁོངས།

1.“འཆལ་སྤྱོད”དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བའི་རིགས་ཏེ། བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་སྨད་འཚོང་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྒྲིག་འཛུགས་དང་། བཙན་ཤེད། ངོ་སྤྲོད། ཉར་བསྡུ་བཅས་བྱེད་པའི་ཁྲིམས་འགལ་ཉེས་གསོག་རིགས་དང་། དྲ་རྒྱ་སྤྱད་ནས་སྨད་འཚོང་ངོ་སྤྲོད་དང་འཆད་སྤྱོད་ཀྱི་དངོས་རྫས་ཁྱབ་བསྒྲགས་བྱེད་པ། འཆལ་སྤྱོད་འཁྲབ་སྟོན་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་བའི་རིགས། ནར་མ་སོན་པའི་མི་བེད་སྤྱོད་དང་མགོ་སྐོར་གཏོང་བ། བཙན་ཤུགས་བཀོལ་བ། གནོད་འཚེ་གཏོང་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བ་སོགས་ཀྱི་ཁུངས་སྣེ་བསྡུ་རྒྱུ་རེད།

2.རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོ་སྤེལ་བའི་རིགས་ཏེ། བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་མི་མང་མཉམ་རུབ་ཀྱིས་རྒྱན་འགྱེད་དང་རྒྱན་འགྱེད་ཁང་འཛུགས་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྒོའི་རིགས་དང་། རྒྱན་འགྱེད་མཁན་རྩ་འཛུགས་བྱས་ནས་མི་མངོན་པའི་གནས་དང་གནས་སྤོར་བྱས་ནས་རྒྱན་འགྱེད་བྱེད་པ་དང་རྒྱན་འགྱེད་ཁང་འཛུགས་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོ་རིགས་དང་། རོལ་རྩེད་འཕྲུལ་ཆས་བརྒྱུད་ནས་རྒྱན་འགྱེད་པ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་བ། སྟེགས་གྲུག་དང་རྟ་རྒྱུག་སོགས་ལུས་རྩལ་བྱེད་སྒོ་བེད་སྤྱད་ནས་རྒྱན་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྒོ་སྤེལ་བའི་ཁུངས་སྣེ་བསྡུ་རྒྱུ་རེད།

3.རྒྱལ་མཚམས་བརྒལ་ནས་རྒྱན་འགྱེད་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་བའི་རིགས་ཏེ། མི་སྣ་སྒྲིག་འཛུགས་བྱས་ནས་རྒྱལ་མཚམས་བརྒལ་ནས་རྒྱན་འགྱེད་བྱེད་པ་དང་། དྲ་ལམ་དང་འཕྲིན་གཏོང་ཡོ་ཆས་སོགས་བརྒྱུད་ནས་རྒྱན་འགྱེད་ཁང་འཛུགས་པ་དང་། རྒྱན་འགྱེད་དྲ་ཚིགས་སུ་འོག་རིམ་གྱི་ལས་ཚབ་པ་དང་དེ་བཞིན་རྒྱལ་མཚམས་བརྒལ་ནས་དྲ་རྒྱའི་རྒྱན་འགྱེད་ནང་ཞུགས་པའམ་ཡང་ན་དེའི་ཁྲོད་ནས་བར་གྱི་ཁེ་ཕོགས་དང་ངོ་སྤྲོད་གྲོན་དངུལ་བསྡུ་བའི་ཁྲིམས་འགལ་ཉེས་གསོག་རིགས་དང་། རྒྱལ་མཚམས་བརྒལ་ནས་རྒྱན་འགྱེད་པའི་ཁྲིམས་འགལ་ཉེས་གསོག་པར་ཉེས་གསོག་བྱ་ཐབས་བརྒྱུད་སྤྲོད་བྱས་ནས་རྒྱན་འགྱེད་དྲ་ཚིགས་ཡིན་པ་ཤེས་བཞིན་དུ་དེར་དྲ་འབྲེལ་ཞབས་ཞུ་དང་། ཞབས་ཞུ་ཡོ་བྱེད་ཚབ་གཉེར། དྲ་རྒྱའི་གསོག་འཇོག་བར་སྟོང་དང་འཕྲིན་གཏོང་བརྒྱུད་ལམ། བརྡ་ཁྱབ་གཏོང་བ། ཚོགས་མི་འཕེལ་རྒྱས་གཏོང་བ། མཉེན་ཆས་གསར་སྤེལ་བྱེད་པ། ལག་རྩལ་རྒྱབ་སྐྱོར་དང་མ་དངུལ་གཏོང་སྤྲོད་བསྡོམས་རྩིས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་རིགས། རྒྱལ་མཚམས་བརྒལ་བའི་དྲ་རྒྱ་ཡི་རྒྱན་འགྱེད་ཞབས་ཞུ་ཡོ་བྱེད་འཛུགས་པ་དང་། རྒྱལ་ཁབ་ཕྱིའི་རྒྱན་འགྱེད་དྲ་ཚིགས་གསར་འཛུགས་བྱེད་པ། མི་གཞན་ལ་རྒྱན་འགྱེད་སྒྲིག་འཛུགས་ཀྱི་ལས་གཉེར་དང་ལེན་དང་མཁོ་འདོན་བྱེད་པའམ་ཡང་ན་རྒྱལ་ཁབ་ཕྱིའི་རྒྱན་འགྱེད་དྲ་ཚིགས་ཀྱི་ལས་ཚབ་འགན་ལེན་བྱེད་པ་དང་ལས་གཉེར་དང་ལེན་བྱེད་པ། དེ་མིན་རྒྱན་འགྱེད་དྲ་ཚིགས་ནང་ཞུགས་པའི་ཁེ་ཕོགས་བགོ་བྱ་རྒྱག་པའི་རིགས། རྒྱལ་མཚམས་བརྒལ་བའི་དྲ་རྒྱའི་རྒྱན་འགྱེད་སྒྲིག་འཛུགས་བྱས་པ་ནི་ཁྲིམས་འགལ་ཉེས་གསོག་ཡིན་པ་ཤེས་བཞིན་དུ་དེ་ལས་ཐོབ་པའི་ཁེ་ཕན་སྦས་སྐུང་དང་འཁྱེར་ལེན་བྱེད་ཐབས་ལ་བརྟེན་ནས་འགེབས་སྲུང་དང་སྦ་གསང་བྱེད་པའི་རིགས།

4.“འཆད་སྤྱོད་དང་རྒྱན་འགྱེད”ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་གནས་ཚུལ་གཞན་དག་དང་། ཕྱུགས་ཟོག་ལ་བརྟེན་ནས་རྒྱན་འགྱེད་བྱེད་པའི་རིགས།

གཉིས། ཞུ་གཏུག་བྱེད་སྟངས་དང་ཐབས་ལམ།

1.ཞུ་གཏུག་བྱེད་སའི་ཨང་གྲངས།

འཇུ་ལག་རྫོང་སྤྱི་བདེ་ཅུས། 0970-8612039

མདོ་ལ་རྫོང་སྤྱི་བདེ་ཅུས། 0970-8684626

མདའ་བཞི་རྫོང་སྤྱི་བདེ་ཅུས། 0970-8631991

རྐང་ཚ་རྫོང་སྤྱི་བདེ་ཅུས། 0970-8655235

ནུབ་མཚོ་སྤྱི་བདེ་ཡན་ལག་ཅུས། 0970-8646267

2.ཡུལ་དངོས་ཞུ་གཏུག མཚོ་བྱང་ཁུལ་སྤྱི་བདེ་ཅུས་བདེ་འཇགས་རུ་ཁག་ལ་ཐད་ཀར་ཞུ་གཏུག་བྱེད་པའམ་ཡང་ན་ས་གནས་དེ་གའི་བདེ་འཇགས་རུ་ཆེན་དང་མངགས་གཏོང་ཁང་ནས་གདོང་ཐུག་ནས་ཞུ་གཏུག་བྱས་ཆོག

3.འཕྲིན་ལམ་ཞུ་གཏུག མཚོ་བྱང་ཁུལ་སྤྱི་བདེ་ཅུས་བདེ་འཇགས་རུ་ཁག་དང་དེ་བཞིན་རྫོང་སོ་སོའི་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་ལ་འཕྲིན་ཡིག་ལམ་ནས་བསྐུར་ཆོག

4.སྣེ་ལེན་མཁན་ནི།

མཚོ་བྱང་ཁུལ་སྤྱི་བདེ་ཅུས།

ཉེན་རྟོག་དཔོན་མ། 14797600302

ཉེན་རྟོག་དཔོན་ཧན། 18897001100

འཇུ་ལག་རྫོང་སྤྱི་བདེ་ཅུས།

ཉེན་རྟོག་དཔོན་ཀྲང་། 17309708765 

མདོ་ལ་རྫོང་སྤྱི་བདེ་ཅུས།

ཉེན་རྟོག་དཔོན་མ། 15109706688    

མདའ་བཞི་རྫོང་སྤྱི་བདེ་ཅུས།

ཉེན་རྟོག་དཔོན་ཐེན། 13897000108        

རྐང་ཚ་རྫོང་སྤྱི་བདེ་ཅུས།

ཉེན་རྟོག་དཔོན་དབྱང་། 15297009988

ནུབ་མཚོ་སྤྱི་བདེ་ཡན་ལག་ཅུས།

ཉེན་རྟོག་དཔོན་ཁྲིན། 18897001008

གསུམ། ཞུ་གཏུག་གི་བླང་བྱ

1.ཐེར་འདོན་ཁུངས་སྣེ་བརྒྱུད་དེ“འཆལ་སྤྱོད་དང་རྒྱན་འགྱེད”ལ་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞི་ཚབས་ཆེན་རྩད་གཅོད་པའམ་ཡང་ན་རྩད་ཆོད་པར་རམ་འདེགས་བྱས་ན། འབྲེལ་ཡོད་གཏན་འཁེལ་ལ་གཞིགས་ནས་སྒོར500ནས5000བར་གྱི་བྱ་དགའ་སྤྲོད་རྒྱུ་རེད།

2.ཐེར་འདོན་དཔྱད་ཡིག་ཞིབ་གསལ་ཡིན་དགོས་ཤིང་། དེའི་ནང་དོན་དང་དུས་ཚོད། བརྒྱུད་རིམ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བའི་འབྲེལ་ཡོད་གནས་ཚུལ་སོགས་ཚུད་དགོས།

3.ཐེར་འདོན་ཡར་ཞུ་བྱེད་མཁན་གྱིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་ཡི་བདེན་པའི་རང་བཞིན་ལ་འགན་འཁུར་དགོས་པ་ལས་བསམ་བཞིན་དུ་རྫུན་བཟོ་དང་སྒྲོ་འདོགས་བྱས་ཏེ་མི་གཞན་ལ་མ་ཉེས་ཁག་གཡོག་བྱས་མི་ཆོག བསམ་ངན་བཅངས་ནས་ཐེར་འདོན་ཡར་ཞུ་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

4.ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་དེའི་ཐོབ་ཐང་ཆ་འཕྲིན་ལ་གསང་སྲུང་ནན་མོ་བྱས་ཏེ་ཁྲིམས་ལྟར་མི་ལུས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་སྲིད། ཐེར་འདོན་བྱེད་མཁན་དང་ཞུ་གཏུག་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱེད་པའི་རིགས་རྩད་ཆོད་མཐའ་གསལ་བྱུང་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་སྲིད།

མཚོ་བྱང་ཁུལ་སྤྱི་བདེ་ཅུས།
2023ལོའི་ཟླ9པའི་ཚེས11ཉིན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号