ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། མཚོ་བྱང་ཁུལ་གྱིས་བསྡོམས་པས་བོད་སོག་སྨན་སྦྱོར་རིགས་སྣ་ཉིས་བརྒྱ་དང་བཅུ་གཉིས་སྨན་བཅོས་འགན་སྲུང་གི་དཀར་ཆག་ཁྲོད་བཞག 

ཉེ་བའི་ལོ་འདི་དག་ལ། མཚོ་བྱང་ཁུལ་གྱིས་ཀྲུང་བོད་གསོ་རིག་གི་བྱ་གཞག་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་དུ་བཞག་ནས། ཀྲུང་བོད་གསོ་རིག་བྱ་གཞག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་ཞུགས་པར་རོགས་འདེགས་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་བོད་སྨན་རྫས་ཀྱི་ཞབས་ཞུའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས།

འབྲེལ་ཡོད་ཡིག་ཆའི་དགོངས་དོན་ཁྲོད་དུ་སྨན་བཅོས་སྒྲིག་སྲོལ་གྱི་སྨན་སྦྱོར་ཁྲོད་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་དང་སྒྲིག་རིམ་གཞིར་བཟུང་ནས། མཚོ་བྱང་ཁུལ་གྱིས་རེ་ཞུ་བྱས་ཏེ། སྨན་རྫས་ལྟ་སྐུལ་ཅུའུ་ཡིས་ཆོག་མཆན་བཀོད་པའི་སྨན་སྦྱོར་རིགས་སྣ་བརྒྱ་དང་དྲུག་མདོ་ལ་རྫོང་བོད་སྨན་ཁང་སོགས་སྨན་བཅོས་འགན་སྲུང་སྒྲིག་སྲོལ་ལྟར་གནས་བཅུ་གཉིས་ལ་བསྐྱལ་ཞིང་། དེའི་ཁྲོད་སྨན་སྦྱོར་རིགས་སྣ་སོ་གསུམ་རྐང་ཚ་རྫོང་བོད་སྨན་ཁང་དུ་བསྐྱལ། ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་མཚོ་བྱང་ཁུལ་གྱིས་སྨན་བཅོས་སྒྲིག་སྲོལ་ལ་སྐུལ་ཁྲིད་བྱས་ནས། བོད་སོག་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་མ་ལག་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དུས་ལྟར་བསྒྲུབ་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号