མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་བསྐྱོད་དེ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ།

ཟླ6པའི་ཚེས1ཉིན་ནས་ཚེས7ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་དང་ཚོང་འགུགས་མ་འདྲེན། འཇོན་མི་བརྗེ་རེས། གསར་བརྗེའི་ཉམས་ཞིབ་སོགས་ཁ་གཏད་རོགས་སྐྱོར་གྱི་གཙོ་གནད་བྱ་བར་དམིགས་ནས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དང་ཝེ་ཧའེ་གྲོང་ཁྱེར། པིན་ཀྲོའུ་གྲོང་ཁྱེར། ལེའོ་ཁྲེང་གྲོང་ཁྱེར་བཅས་སུ་བསྐྱོད་དེ་རྟོག་ཞིབ་དང་སློབ་སྦྱོང་བྱས་ཤིང་།  གྲོང་ཁྱེར་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་བཞུགས་མོལ་བརྗེ་རེས་བྱས་ལ། མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཚབ་ཞུས་ནས་ཧྲན་ཏུང་ཞིང་ཆེན་གྱིས་སྒེར་སེམས་མེད་པར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ནས། རྗེས་ཕྱོགས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུའི་ཐད་གྲོས་མོལ་བྱས།     

ཧྲན་ཏུང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་སུང་ལའེ་པིན་དང་།  ཧྲན་ཏུང་ཞིང་ཆེན་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ཆིག་ཧྲིན། ཧྲན་ཏུང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལི་ཏུང་ཧྥང་། ཝེ་ཧའེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀའོ་ཞུས་ཀོང་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཧྲུའུ་ཅུན། གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་གྲོང་གཙོ་གཞོན་པ་ཀྲང་ཧུང་ཕུའུ། པིན་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་སུང་ཡུང་ཞང་དང་།  གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་ལི་ཁྲུན་ཐེན། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཀྲུང་ཡོན། ལེའོ་ཁྲེང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཁྲང་ཕིན་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞེ་ཀྲའོ་ཚུན། གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ལིག་ཁྲང་སུང་།  གྲོང་གཙོ་གཞོན་པ་མ་ཝེ་ཧུང་བཅས་ཀྱིས་སོ་སོར་ཕེབས་རོགས་བྱས།     

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཁོར་དང་བཅས་པས་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང་ལན་ཞང་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་རླངས་འཁོར་ཞིག་གསོ་དང་ཟ་མ་གཡོས་སྦྱོར། གྲངས་འཛིན་ལས་སྣོན་སོགས་དངོས་སྦྱོང་འཁོར་ཁང་ལ་ཡུལ་དངོས་ནས་ལྟ་སྐོར་བྱས་ཏེ་ལས་རིགས་སློབ་གསོའི་སློབ་གཉེར་ལམ་སྲོལ་དང་ཆེད་ལས་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་བླངས་པའི་སྔོན་ཐོན་ཉམས་མྱོང་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཧྲན་ཏུང་ལན་ཞང་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་དུ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དཀོན་པའི་དོན་དངོས་ལ་བསམ་གཞིག་བྱས་ནས་མཚོ་བྱང་དང་མཉམ་ལས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་བྱང་ལས་རིགས་སློབ་གྲྭའི་སློབ་གཉེར་འདུ་ཤེས་དང་སློབ་གཉེར་ཁྱད་ཆོས། ཆེད་ལས་བཀོད་སྒྲིག སློབ་གྲྭ་དང་ཁེ་ལས་མཉམ་ལས། ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཐད་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུའི་རེ་བ་ཡོད་པར་བསྟན་ལ། ཀྲུང་གོ་སྤོ་འགུལ(ཧྲན་ཏུང་ཅི་ནན)གཞི་གྲངས་ལྟེ་གནས་སུ5Gཆ་འཕྲིན་ཅན་གྱི་འགྲེམས་སྟོན་ཁང་དང་ལྟེ་གནས་འཕྲུལ་ཁང་སོགས་ལ་ཡུལ་དངོས་ནས་ལྟ་སྐོར་བྱས་ཏེ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་མཚོ་བྱང་གི་ལྗང་མདོག་ནུས་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བྱུང་གྲང་ཁུངས་བརྟན་པ། ལྗང་མདོག་གློག་གི་རིན་གོང་དམའ་བ་སོགས་ཀྱི་ལེགས་ཆར་གཞི་ཚུགས་ནས་འཕྲིན་གཏོང་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་རྩིས་ནུས་ཐོན་ལས་དེ་བས་མང་བ་མཚོ་བྱང་དུ་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས་ཧྲན་ཏུང་དང་མཚོ་བྱང་གཉིས་ཀྱི་ཐོན་ལས་མཉམ་ལས་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སོགས་ཐད་ཕན་ཚུན་སྐུལ་འདེད་དང་མཉམ་རྒྱལ་ཡོང་བར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།

ཤ་བོ་སྐྱབས་འཁོར་དང་བཅས་པས་ཝེ་ཧའེ་གྲོང་ཁྱེར་ཏི་ཧྲང་སྡེ་ཚོགས་སུ་གྱོན་ཆས་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། ཐོན་སྐྱེད་ལས་སྣོན། ཆས་རྟགས་ཕྱིར་ཚོང་སོགས་འགྲེམས་ཁང་ལ་ལྟ་སྐོར་བྱས་ནས་ཁེ་ལས་དང་མཚོ་བྱང་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཡག་པོ་ཡོང་བར་དམིགས་ནས་བརྗེ་རེས་གཏིང་ཟབ་གནང་སྟེ། མི་རིགས་ཀྱི་རྒྱན་གོས་དང་བལ་དཀར་ཁ་བཏགས་སོགས་ཁྱད་ལྡན་ཐོན་རྫས་ཇུས་འགོད་གསར་སྤེལ་ཐད་མཚོ་བྱང་ལ་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་དང་། ཁོར་ཡུག་འཕྲོད་བསྟེན་གཙང་བཟོ་པ། ནགས་སྲུང་པ་སོགས་ཀྱི་ལས་གོས་དང་རྒྱན་གོས་བཟོ་བའི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་བ་ཡོད་པར་བསྟན། པིན་ཀྲོའུ་གྲོང་ཁྱེར་དུ་དབྱི་ལི་ཡོན5Gགྲངས་འཛིན་ཅན་གྱི་ཕྱུགས་ར་དང་། ཉིའུ་ཀྲི་ཀུའུ་ཐོན་ལས་གླིང་། ཧྭ་གཡང་རིག་གནས་ཐོན་ལས་གླིང་། ཀྲུང་ཡུས་སྡེ་ཚོགས་རྨ་ཆུའི་ཟུར་གསུམ་གླིང་གི་གྲོའི་ཐོན་ལས་འགྲེམས་སྟོན་ཁང་བཅས་ལ་ལྟ་སྐོར་བྱས་ཤིང་། པིན་ཀྲོའུ་གྲོང་ཁྱེར་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པ་དང་ཐོན་ལས་མ་ལག་ཆ་ཚང་བ། སྒྲིག་ཆས་ལག་རྩལ་སྔོན་ཐོན་ཡིན་པ། ཕྱིར་ཚོང་ཁྲོམ་ར་རྒྱ་ཆེ་བ་བཅས་ཡིན་པའི་ངོས་འཛིན་བྱས་ལ།  པིན་ཀྲོའུ་གྲོང་ཁྱེར་དང་མཚོ་བྱང་ཁུལ་གཉིས་ཀྱིས་མཉམ་ལས་ཟབ་ཏུ་བཏང་ནས་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་ལ་སྐུལ་འདེད་གཏོང་བའི་ཐད་ཤེས་ལྡན་མི་སྣ་དང་ལག་རྩལ། ཐོན་ལས་སོགས་ཀྱི་རྒྱབ་སྐྱོར་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་སྔར་ལས་རིང་དུ་གཏོང་བ་དང་རིན་ཐང་སྦྲེལ་ཐག་མཐོ་རུ་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་པར་བསྟན་པ་དང་། དེ་དང་ཆབས་ཅིག པིན་ཀྲོའུ་ཡིས“ཧྲན་ཏུང་གི་ཐོན་རྫས་བཟང་པོ”ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་གཞིར་བཟུང་མཚོ་བྱང་གི་ཞིང་ཕྱུགས་རིག་གནས་སྔོག་འདོན་དང་ཞིང་ཕྱུགས་ཐོན་རྫས་ཀྱི་རིག་གནས་ནང་དོན་འདོན་པའི་ཐད་མཛུབ་ཁྲིད་བྱས་ཏེ་མཚོ་བྱང་གི་ཆས་རྟགས་ཀྱི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཆེ་རུ་གཏོང་རོགས་བྱས་ནས་ཆས་རྟགས་འཛུགས་སྐྱོང་ལ་བརྟེན་ནས་ཁྲོམ་རའི་ཐོབ་སྐལ་ཆེ་རུ་གཏོང་དགོས་པར་བསྟན། ལེའོ་ཁྲེང་གྲོང་ཁྱེར་དུ་ཏུང་ཨ་ཀུའུ་ཅའོ་རིགས་ཀྱི་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་དུ་ལྟ་སྐོར་བྱས་ཤིང་། རོགས་སྐྲུན་མཉམ་ལས་ཁྲོད་གསར་གཏོད་གསར་སྤེལ་བྱས་པའི་ལུག་གི་ཀོ་བའི་ཨ་ཅའོ་སོགས་ཐོན་རྫས་གསར་པར་རྒྱུས་ལོན་ཞིབ་ཕྲ་གནང་ལ། ས་གནས་གཞན་དུ་སྐམས་ཤ་བསྙལ་མ་དང་ནོར་ལུག་གི་ཀོ་བ་ལས་སྣོན་ཐོན་སྐྱེད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་དང་རིན་ཐང་འཕར་ཐང་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་པར་བསྟན་ལ། ཞིན་ཧྥ་སྡེ་ཚོགས་གསར་གཏོད་པ་དང་བརྗེ་རེས་གཏིང་ཟབ་བྱས་ནས་ཐོན་ལས་ཕྱོགས་སྒྱུར་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཁེ་ལས་ཀྱིས་བསགས་པའི་སྔོན་ཐོན་ཉམས་མྱོང་ལ་ཡུལ་དངོས་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས་ཏེ། ཞིན་ཧྥ་སྡེ་ཚོགས་ཀྱི་གློག་གཏོང་དང་དྲོད་འདོན། དབྱང་འགྱུར་ཧ་ཡང་སོགས་ཁྱབ་ཁོངས་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས་མཚོ་བྱང་གི་ཚེ་ཐར་ཐོན་ལས་གླིང་ཁུལ་དང་ཐང་ཧུའུ་གློག་འདོན་ས་ཚིགས་སོགས་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་པར་བསྟན།

མཚོ་བྱང་གིས་སྙིང་སྟོབས་ཀྱི་བཙན་ས་གཏོད་པ་དང་གསར་བརྗེའི་ཉམས་ཞིབ་སོགས་ཀྱི་བྱ་བ་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་ཤ་བོ་སྐྱབས་འཁོར་དང་བཅས་པ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཝེ་ཧའེ་ལས་བྱེད་སློབ་གླིང་གི་ལིག་ཀུང་ཏའོ་སློབ་ཁྲིད་ཁུལ་དང་། པིན་ཀྲོའུ་གྲོང་ཁྱེར་དབྱང་ལིག་ཞུའེ་ཏང་གཤིས་སློབ་གསོའི་རྟེན་གཞི། ལེའོ་ཁྲེང་གྲོང་ཁྱེར་བློ་མཐུན་ཁུང་ཧྥན་སིན་གྱི་དྲན་གསོ་ཁང་སོགས་སུ་བསྐྱོད་དེ་ལྟ་སྐོར་དང་སློབ་སྦྱོང་བྱས་ཏེ། ཧྲན་ཏུང་དང་མཚོ་བྱང་གཉིས་ཀྱི་རྒྱལ་གཅེས་རིང་ལུགས་དང་རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་སློབ་གསོ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་ཐད་བརྗེ་རེས་མཉམ་ལས་དང་ཉམས་མྱོང་མཉམ་སྤྱོད་ཟབ་ཏུ་བཏང་ནས་རིག་གནས་ཐོན་ཁུངས་སྔོག་འདོན་ཤུགས་ཆེན་བྱས་ཏེ་གསར་བརྗེའི་སློབ་གསོའི་ཆས་རྟགས་བཏོད་ནས་ཐུན་མོང་ཐོག་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་རྒྱུའི་རེ་བ་ཡོད་པར་བསྟན་ལ། དེ་དང་ཆབས་ཅིག ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་སྡེ་ཁག་གསར་བརྗེའི་སློབ་གསོའི་གདན་ཞུ་བྱས་ནས་རྒྱ་ཆེའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ་ཡོང་ནས་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ་བ་དང་རོགས་རམ་མཛུབ་ཁྲིད་བྱ་རྒྱུའི་གདན་ཞུ་བྱས།

དེའི་རིང་། ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་གནས་སྦྱར་ལས་བྱེད་པར་འཚམས་འདྲི་གནང་བ་དང་བྱ་བ་སྒྲུབ་པའི་གནས་ཚུལ་ལ་ཉན་ཞིང་། ཁོ་ཚོར་མུ་མཐུད་དུ་མཚོ་བྱང་གི་ལས་བྱེད་པའི་སྙིང་སྟོབས་འདོན་སྤེལ་བྱས་ཏེ་གནས་སྦྱར་གོ་སྐབས་གཅེས་སྤྲས་དང་སྔོན་ཐོན་ཉམས་མྱོང་ཡག་པོ་སྦྱོང་བ། མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་པ། ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། རང་ཉིད་ལ་བླང་བྱ་ནན་མོ་བཏོན་ནས་སྔར་ལས་ལེགས་པ་དང་སྔར་ལས་མགྱོགས་པ། སྔར་ལས་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་རང་ཉིད་ཡར་རྒྱས་ཡོང་དགོས་པའི་སྐུལ་ལྕག་གནང་།    

ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་། ཝང་ཡུང་ཁྲང་། ཚོ་ཅི་ཆང་། མ་རུའུ་ཞང་། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འཇུ་ལག་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་བཅས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སོ་སོར་ཕེབས་རོགས་གནང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号