【གསར་བརྗེའི་ཉམས་ཞིབ】ཡུལ་ཤུལ་ཁུལ་གྱི་དུས་ཐེངས་གཉིས་པའི་ཁུལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་ནས་སློབ་མགོ་བརྩམས།

ཡུལ་ཤུལ་ཁུལ་གྱི་དུས་ཐེངས་གཉིས་པའི་ཁུལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་ཟླ6པའི་ཚེས11ཉིན། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་ནས་དངོས་སུ་སློབ་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི<<དུས་རབས་གསར་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་འཛུགས་སྐྱོང་བྱ་བར་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འཆར>>དང<<དུས་རབས་གསར་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་འཛུགས་སྐྱོང་བྱ་བར་ཤུགས་སྣོན་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག>>ལག་བསྟར་གཏིང་ཟབ་བྱེད་པའི་རྒྱབ་ལྗོངས་འོག་གཉེར་བ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་ལས་བྱེད་རྒན་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་སྔར་ལས་ཤུགས་བསྣན་ནས་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དྲང་ནུས་ལེགས་སྐྱེས་སུ་དབུལ་རྒྱུ་དེ་རེད།

སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ནི་བློ་མཐུན་རྒན་པའི་ཁྲོད་ཀྱི་ཏང་གི་ཟམ་པ་དང་སྒྲོག་ཐག་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་བློ་མཐུན་རྒན་པའི་སྣེ་ཁྲིད་དེ་མུ་མཐུད་ནུས་པ་འདོན་སྤེལ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཐོག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་པ་དང་དུས་རབས་གསར་བའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་འཛུགས་སྐྱོང་བྱ་བའི་བླང་བྱ་གསར་བར་གོ་བ་གཏིང་ཟབ་བླངས་ཏེ། ཏང་འཛུགས་སྐྱོང་བྱ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ་ཚང་མར་བརྒྱུད་སྤྲོད་ཏན་ཏིག་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号