མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན།“རྒྱུགས་དང·གཞོན་ནུ”ཞེས་པའི2024ལོའི་མཚོ་བྱང་ཁུལ་གཞོན་ནུ་ལོ་ཆུང་གི་རྒྱང་རྒྱུག་འབྲིང་རིམ་འགྲན་སྡུར་མགོ་བརྩམས།

ཟླ6པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་ལྔ་པ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་གསུམ་པའི“རྒྱུགས་དང·གཞོན་ནུ”ཞེས་པའི2024ལོའི་མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་རྒྱང་རྒྱུག་འབྲིང་རིམ་འགྲན་སྡུར་དེ་ནུབ་མཚོ་གྲོང་རྡལ་ནུབ་མཚོ་ལུས་རྩལ་ར་བར་མགོ་བརྩམས།

རྒྱང་རྒྱུག་འབྲིང་རིམ་འགྲན་སྡུར་ནང་མཚོ་བྱང་ཁུལ་གྱི་འཐུས་ཚབ་རུ་ཁག5ཡི་ལུས་རྩལ་པ79ཡོད་ཅིང་། སྐྱེས་པ་དང་བུད་མེད་ཚོ་ཆུང་གི་སྨི5000དང་སྨི3000། སྨི1500དང་སྨི4×400མཉམ་བསྲེས་མཐུད་རྒྱུག་སོགས་མི་སྒེར་གྱི་རྣམ་གྲངས6དང་མཉམ་བསྲེས་མཐུད་རྒྱུག་རྣམ་གྲངས3ནང་ཞུགས། འགྲན་སྡུར་སྤེལ་བ་དེས་མཚོ་བྱང་ཁུལ་གྱིས་དུས་རབས་གསར་པའི“ལུས་རྩལ་སློབ་གསོ་མཉམ་འདྲེས”ཀྱི་སྲིད་ཇུས་གཏོད་པའི་བསམ་ཕྱོགས་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་སྡུར་གྱི་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་གཞི་རིམ་མཉམ་འབྲེལ་སློབ་གྲྭའི་སྦྱོང་བརྡར་གྲུབ་འབྲས་ཕྱོགས་ཡོངས་ནས་གཟིགས་ཞིབ་བྱས་པ་ཞིག་ཀྱང་རེད།

“འགྲན་སྡུར་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་སྔར་བས་ཁྱབ་གདལ་གཏོང་བ་དང་མཚོ་བྱང་ཁུལ་གྱི་ལུས་རྩལ་སློབ་གསོ་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་ཏུ་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་རེད། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་གྱིས་བཟོད་ཤུགས་རྣམ་པའི་ལུས་རྩལ་རྣམ་གྲངས་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣ་སྔོག་འདོན་བྱ་རྒྱུ་ཡིན”ཞེས་མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཚེ་རིང་ནོར་བུས་དེ་ལྟར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号