ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཚོ་སྔོན་གྱི་ལག་ལེན་ཞེས་པའི་བརྗོད་དོན་བཅར་འདྲི་ཚོགས་པ་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་བསྐྱོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཚོ་སྔོན་གྱི་ལག་ལེན་ཞེས་པའི་བརྗོད་དོན་བཅར་འདྲིའི་བྱེད་སྒོ་དང་མཚོ་སྔོན་གྱི《ཏང་གི་འཚོ་བ》ཞེས་པའི་དུས་དེབ་བཏོད་ནས་ལོ་ངོ40རིང་གི་བྱེད་སྒོ་རབ་དང་རིམ་པའི་བཅར་འདྲི་ཚོགས་པ་དང་བཅས་པ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་སོང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་དང་བརྒྱུད་འཛིན་སྐོར་གྱི་མཛུབ་སྟོན་དང་མཆན་འགོད་ལག་བསྟར་གཏིང་ཟབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། མི་རིགས་ལ་རྒྱ་དང་སྤོབས་པ་འདེགས་བྱེད་ཀྱི་གསར་བརྗེ་རིག་གནས་ལ་དམིགས་ཏེ་མདེལ་གཉིས་སྐར་གཅིག་གི་ངོ་མཚར་ལོ་རྒྱུས་ལ་ཡང་བསྐྱར་རྗེས་དྲན་བྱས་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་ཚན་རིག་པའི་སྙིང་སྟོབས་ལ་ཉམས་ཞིབ་ཤེས་རྟོགས་བྱས།

 མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་ནི་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ལ་སྒོ་ཕྱེས་ཏེ་ཀྲུང་གོའི་རྡུལ་ཕྲན་ནུས་པའི་བཟོ་ལས་གསར་གཏོད་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་རྡུལ་ཕྲན་གྲོང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་གྲུབ་འབྲས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ངོ་སྤྲོད་བྱེད་པའི་ཆེད་དོན་དྲན་གསོ་ཁང་འབའ་ཞིག་ཡིན་པ་དང་།དེས་རང་རྒྱལ་གྱི“འབར་མདེལ་གཉིས”ཞིབ་འཇུག་དང་གསར་བཟོ་བྱས་པའི་རླབས་ཆེན་གྱི་བརྒྱུད་རིམ་གཅིག་བསྡུས་ངང་མཚོན་ཞིང་།“མདེལ་གཉིས་སྐར་གཅིག”བཟོ་སྐྲུན་གྱིས་ཀྲུང་གོ་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པར་བློ་སྒོ་འབྱེད་པའི་དོན་སྙིང་དང“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་དུས་རབས་རིན་ཐང་མཚོན་ཡོད། དྲན་གསོ་ཁང་ནང་ཁུལ་གྱི་སྲོལ་རྒྱུན་པར་རིས་དང་། ལོ་རྒྱུས་རིག་དངོས། དེང་རབས་ཚན་རྩལ་ཟུང་འབྲེལ་བྱས་པའི221བཟོ་གྲྭའི་ཐབས་ཇུས་དང་། འཛུགས་སྐྲུན། ཐོན་སྐྱེད། ཞིབ་བཟོ། དམག་ཁོངས་ལས་ཕྱིར་བུད་པ་བཅས་ཀྱི་ལག་ལེན་བརྒྱུད་རིམ་ཡོངས་སུ་འགྲེམས་སྟོན་བྱས་པ་བརྒྱུད་དེ། འགྲེལ་བཤད་པས་རྡུལ་ཕྲན་གྲོང་དང“མདེལ་གཉིས་སྐར་གཅིག”གི་བྱས་རྗེས་མི་སྣའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ཉན་རྗེས་བཅར་འདྲི་ཚོགས་པའི་ཁོངས་མི་ཚོར་སེམས་འགུལ་ཐེབས་ཤིང་སློབ་གསོ་ཆེན་པོ་ཐོབ། བསམ་པའི་དཔལ་ཡོན་དང་བསམ་བློར་མཐོར་འདེགས་བྱུང་ཞིང་མཚོ་སྔོན་ནི་ས་བབ་མཐོ་ས་ཡིན་ལ་སྙིང་སྟོབས་ལྡན་ས་ཡང་ཡིན་པ་ཚོར་དུ་བཅུག་ཡོད། 

《སི་ཁྲོན་གྱི་ཏང་གི་འཛུགས་སྐྲུན》དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཁྲེན་ཆིང་གིས་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་ཡོང་ནས“རས་གུར་གསུམ་ལ་བརྟེན་ནས་ལས་གཉེར་བྱེད་མགོ་བརྩམས་པའི”དཀའ་སྡུག་གི་ལས་གཏོད་གཏམ་རྒྱུད་ལ་རྒྱུས་ལོན་བྱས་རྗེས་སེམས་འགུལ་ཐེབས་ཤིང་། རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ཀྱི་རང་ཚུགས་རང་སྟོབས་ལ་སྤོབས་པ་སྐྱེད་པ་དང་འཛུགས་སྐྲུན་བྱེད་མཁན་ཚོས་གསར་གཏོད་བྱས་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་ལོན་ཡོད། ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྒལ་ཚིགས་དྲང་མོ་བྱེད་སའི་ས་ཆ་འདིར་ཐོན་ནས“གནམ་ས་གཡོ་འགུལ་གཏོང་པའི་བྱ་བ་བསྒྲུབས་ཤིང་རང་མིང་སྦས་པའི་ལོ་རྒྱུས་ལ་ཡང་བསྐྱར་རྗེས་དྲན་བྱས་པས། གསར་འགྱུར་ལས་དོན་པ་རྣམས་ཀྱིས་དཀའ་སྤྱད་འབད་འཐབ་དང་ཡར་བརྩོན་བྱེད་ཕོད་པ་དང་། དུས་རབས་གསར་པ་དང་བཞུད་ལམ་གསར་པའི་ཁྲོད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་པར་སྐུལ་ལྕག་ཐེབས་རྒྱུ་རེད་ཟེར། 

“མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་ལ་ལྟ་སྐོར་བྱས་རྗེས་ང་རང་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག ཅང་ཞིའང་གསར་བརྗེའི་དྲན་ཤེས་ཀྱིས་ཁེངས་པའི་ས་ཆ་ཞིག་ཡིན། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་ཀྲུང་ཧྭའི་བུ་ཕྲུག་བགྲང་ལས་འདས་པ་ཞིག་གིས་བཏོད་པའི་ཅིན་ཀང་རི་བོའི་སྙིང་སྟོབས་དང་། སུའུ་ལེན་ཁུལ་གྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས་དག“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་རྒྱུན་གཅིག་ཏུ་འབྲེལ་ཡོད་ཅིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་གྲུབ་ཆ་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རྩ་ཆེན་ཞིག་རེད”《དེང་རབས་ཅང་ཞི》དུས་དེབ་ཁང་གི་རྩོམ་སྒྲིག་པུའུ་གཉིས་པའི་རྩོམ་སྒྲིག་ཞིབ་དཔྱད་གཞོན་པ་ཐང་ཅན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་པ་དང་ལྟེ་བའི་ལག་རྩལ་སོགས་རྒྱལ་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་གྲོས་བསྡུར་མང་པོ་བྱེད་པའི་གནད་ཚིག་ཏུ་གྱུར་སྐབས་ང་ཚོས་ཀྱང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་འབུལ་དགོས་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号