ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་བཙན་རྫོང་སྟོབས་ལྡན་དུ་གཏོང་བ་དང་ཡོང་འབབ་མང་དུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྐྱིད་སྣང་བ་སྔར་ལས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

ཟླ6པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་དུས་ཐེངས་གཉིས་པའི་སྡེ་བའི(སྡེ་ཁུལ)བདེ་ཐང་བརྟག་དཔྱད་དང་ཁམས་གསོའི་བྱེད་སྒོར་ཞུགས་པའི་སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི112ལ་འཚམས་འདྲི་གནང་ནས་ཁོ་ཚོར་བརྗེ་རེས་གཏིང་ཟབ་བྱས་ཤིང་། གསོ་སྦྱོང་སྐབས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ། སྡེ་བའི་ཐུན་མོང་འཕེལ་རྒྱས་ཁྲོད་གནས་པའི་དཀའ་ངལ་གནད་དོན་བཅས་ལ་རྒྱུས་ལོན་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཁ་ཕྱོགས་དེད་ནས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ་གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་སྟོབས་ལྡན་དུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྐྱིད་སྣང་བ་སྔར་ལས་ཆེ་རུ་གཏོང་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁོ་ཚོར་མངགས་བཅོལ་གནང་དོན་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་། ཡུལ་ཚོའི་ཏང་ཨུ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། བསམ་ཕྱོགས་གསལ་པོ་དང་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་སྡེ་བའི་ཐུན་མོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི“སྣེ་ཁྲིད་པའི”ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་ལེགས་བཅོས། རིག་གནས་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་དགོས་ཤིང་། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཁྱིམ་ཚང་རེ་རེ་དང་མང་ཚོགས་རེ་རེའི་གམ་དུ་འཁྱེར་ནས་བློ་གཅིག་སེམས་གཅིག་གིས་སྡེ་མིའི་སྣེ་ཁྲིད་དེ་འཕེལ་རྒྱས་དང་བདེ་སྐྱིད་དོན་གཉེར་བྱེད་དགོས་ལ། ཁུལ་དང་རྫོང་གི་རྩ་འཛུགས་སྡེ་ཁག་གིས་སྡེ་བའི(སྡེ་ཁུལ)ལས་བྱེད་པའི་བྱ་བ་དང་འཚོ་བར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་གཞི་རིམ་གྱི་ལས་སྒྲུབ་ལས་གཏོད་ལ་སྟེགས་བུ་ཡག་པོ་ཞིག་བསྐྲུན་དགོས་ཟེར།

འཚམས་འདྲི་མཇུག་སྒྲིལ་རྗེས། ཤ་བོ་སྐྱབས་ཀྱིས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་རེ་བ་ཟབ་མོ་དང་ཐུགས་ཁུར་དྲོན་མོའི་སྐོར་ལ་ཡིད་དབང་འཕྲོག་པའི་གཏམ་བརྗོད་སྤེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་གོ་བ་ལེན་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བྱང་གི་བྱ་བར་བཏོན་པའི་གནས་ཐིག་གསར་པ་དང་དམིགས་འབེན་གསར་པ། ནང་དོན་གསར་པ་བཅས་ལ་བསམ་གཞིགས་གཏིང་ཟབ་བྱེད་དགོས་ཞེས་ནན་གྱིས་བསྟན་ཏེ། གཅིག་ནས"རང་ས་གནས་ཀྱི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས་པའི"སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། བོད་ལུག་དང་ནོར་གནག་སོགས་མཐོ་སྒང་ཁྱད་ལྡན་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་ནས་དང་ལོག་དཀར་ཐོན་ལས་ཚད་ལྡན་ཅན་གྱི་མ་ལག་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཇེ་མཐོར་བཏང་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གཉིས་ནས"ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི"བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཚད་གཞི་མཐོན་པོའི་སྒོ་ནས"བཟོ་སྐྲུན་ཁྲི་སྟོང"ལ་སྐུལ་འདེད་གཏོང་བ་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་བྱ་རྒྱུ་དེ་བྱ་བའི་འཇུག་སྒོ་རུ་རྩིས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ནས་རོང་འབྲོག་ཁུལ་གྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ། "གསང་སྤྱོད་གསར་བརྗེ"སོགས་ཀྱི་བྱ་བར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ནན་མོ་དང་མགྱོགས་མྱུར་ཏན་ཏིག་བཏང་ནས་སྡོང་འཛུགས་ནགས་སྐྲུན་སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་དགོས། གསུམ་ནས"དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་ཏན་ཏིག་གཏོང་བའི"བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། གཏན་འབེབས་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་འབྱུང་པའི་མཐའ་ཚད་བརྟན་པོར་སྲུང་ནས་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་པ་དང་། རོགས་སྐྱོར་བྱ་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ་དབུལ་ཐར་མི་འབོར་གྱི་ལས་གནས་བརྟན་པོ་དང་ལས་ཞུགས་རྒྱུན་མཐུད་ཡག་པོ་བྱེད་དགོས། བཞི་ནས"མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་མུ་མཐུད་ཡག་པོར་སྒྲུབ་དགོས་པའི"བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྡེ་མིར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བ་དང་ན་ཊམ་སྤྲོ་ཚོགས། རྟ་རྒྱུག་མདའ་འཕེན་སོགས་ཀྱི་བྱེད་སྒོ་བེད་སྤྱོད་གང་ལེགས་བྱས་ཏེ་སྡེ་བའི(སྡེ་ཁུལ)"བཅུ་ལྡན་བཟོ་སྐྲུན"འཛུགས་སྐྲུན་བྱས་ཏེ་མི་རིགས་སོ་སོ་རྒྱ་ཁྱབ་ཏུ་འགྲོ་འོང་དང་ཁྱོན་ཡོངས་ནས་བརྗེ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་བརྟན་པོར་འཛུགས་དགོས། ལྔ་ནས"ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་སྐོར"གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་མིག་སྔའི་གཙོ་གནད་བྱ་བ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། མང་ཚོགས་ཁག་ཅིག་གི་ཉེ་འཁོར་གྱི་དོན་དངོས་གནད་དོན་གཅིག་སྡུད་ཀྱིས་ཐག་གཅོད་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་སྤྱོད་བཟང་གཞུང་དྲང་གི་སྤྱི་ཚོགས་སྐྱེ་ཁམས་ལ་སྣེ་ཁྲིད་བྱེད་དགོས་ཟེར།

སྒྲོག་འགྲེལ་ལ་ཉན་རྗེས། སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་ཚོས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་། ཏང་ཨུ་སྲིད་གཞུང་གི་རེ་བ་བསྣམས་ནས་ཕྱིར་རང་ཡུལ་ལ་ལོག་རྗེས་འཕྲལ་མར་ཏང་ཡོན་དང་སྡེ་མི་སྒྲིག་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་སྡེ་མི་ཡོངས་དང་མཐུན་སྒྲིལ་འབད་བརྩོན་བྱས་ཏེ་ངེས་པ་དོན་གྱི་འཕེལ་རྒྱས་ཀྱིས་ཏང་དང་སྲིད་གཞུང་ལ་དྲིན་ལན་འཇལ་རྒྱུ་ཡིན་པར་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་གྱིས་གཙོ་སྐྱོང་གནང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号