ཤོག་སྦག་ཐད་ཀྱི་བདེ་འཇགས་དྲན་སྐུལ།

1.ཤོག་སྦག་ཉོ་སྐབས་ཤོག་སྦག་བཙོངས་པའི་ཆོག་མཆན་ཡི་གེ་ལྡན་པའི་ཚོང་ཁང་ནས་ཉོ་དགོས།

2.ཤོག་སྦག་གི་ཐོན་རྫས་ཚང་མ་ཁོད་ཡངས་ཤིང་བདེ་འཇགས་ཡིན་པའི་ཕྱི་རོལ་ནས་བརྒྱག་དགོས། 

3.ཤོག་སྦག་མ་བཀད་པ་དང་མེ་མ་འབར་བ་སོགས་ཀྱི་སྣང་ཚུལ་བྱུང་ཚེ། དེ་མ་ཐག་ཤོག་སྦག་གི་ཉེ་སར་བཅར་བའམ་ཡང་བསྐྱར་མེ་སྒྲོན་པ་སོགས་གཏན་ནས་བྱ་མི་རུང་། 

4.བྱིས་པ་ཚོས་མི་རྒན་པའི་ལྟ་སྐྱོང་འོག་ཤོག་སྦག་བརྒྱག་དགོས་ཤིང་།  ཉེན་ཁ་ཅུང་ཆེ་བའི་ཤོག་སྦག་གི་རིགས་རྒྱག་ཏུ་འཇུག་མི་རུང་། 

5.ཁྱིམ་ཚང་དང་སྡོད་གནས་སོགས་སུ་ཤོག་སྦག་མང་པོ་འཇོག་མི་རུང་བ་དང་དུས་ཡུན་རིང་བོར་བསྐྱུར་མི་རུང་། གཞན་མེ་ཁུངས་དང་ཚ་ཁུངས།  གློག་ཁུངས།  འབར་སླ་བ་དང་གས་སླ་བའི་གནས་སོགས་སུ་དེ་བས་ཀྱང་འཇོག་མི་རུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号