ལྷ་གཞིས་རིམ་མཐོའི་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་འདུག

 སྤྱི་ཟླ6པའི་ཚེས30ཉིན། གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་ལམ་དུམ་བུ་ཧྲིལ་པོ་དངོས་སུ་ཤར་གཏོང་ཐུབ་ཡོད། དེས་ན་ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་བར་རླངས་འཁོར་གྱི་ལམ་ཡུན་ཆུ་ཚོད་གསུམ་ལས་དགོས་ཀྱི་མེད།

རིང་ཚད་ལ་སྤྱི་ལེ་167ཡོད་པའི་རིམ་པ་མཐོ་བའི་གཞུང་ལམ་དེ་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། ས་ཡོམ་ཤུགས་ཆེ་བ་བཅས་ཀྱི་ཆ་རྐྱེན་ཞན་པའི་ཁོར་ཡུག་ཏུ་འཛུགས་སྐྲུན་བྱས་ཡོད་པས། འཛུགས་སྐྲུན་བྱེད་པར་དཀའ་ངལ་གང་འདྲ་ཞིག་ཡོད་པ་ནི་བསམ་ཚོད་ཐུབ་པ་ཞིག་རེད། འོན་ཀྱང་། ཚན་རིག་དང་མཐུན་པའི་དོ་དམ་དང་། སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས། དེ་བཞིན་ཞུམ་མེད་ཀྱི་འཛུགས་སྐྲུན་དཔུང་ཁག་བཅས་ཀྱི་མཐུན་རྐྱེན་འོག གཞུང་ལམ་དེ་བདེ་བླགས་ཤར་གཏོང་ཐུབ་ཡོད།

ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། དེས་བོད་ལྗོངས་ཀྱི་གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་ཕྱིན་ཏེ་ལྷ་ས་ནས་གཞིས་རྩེ་དང་། དེ་བཞིན་མངའ་རིས་བར་གྱི་མྱུར་བགྲོད་སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཐེབས་པ་དང་། མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཐུབ་རྒྱུ་རེད། དེ་བས་གལ་ཆེ་བ་ཞིག་ནི། གཞུང་ལམ་དེ་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་བོད་ལྗོངས་ཀྱི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ནས་བོད་ལྗོངས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ནང་ཞུགས་པར་རམ་འདེགས་གལ་ཆེན་ཐུབ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号