མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་དབྱར་གནང་གི་སློབ་ཕྱིའི་གསོ་སྦྱོང་ལ་ལྟ་སྐུལ་དོ་དམ་ནན་མོ་བྱ་རྒྱུ་རེད།
དབྱར་གནང་བཏང་བ་དང་བསྟུན་ནས་རིག་ཚན་མི་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་གི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད། རྒྱལ་ཁབ་ཀྱི“ཉུང་འཕྲིའི”སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་རིག་གནས་སྒྱུ་རྩལ་རིགས་དང་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་བྱ་སྤྱོད་རྒྱུན་མཐུད་ཚད་ལྡན་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་ལས་རིགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་དོ་དམ་ཞབས་ཞུ་ཏན་ཏིག་ཡག་པོ་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིགས་དང་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པའི་འགན་སྲུང་བྱས་ཡོད། ད་སྔའི་བར་ཞིང་ཆེན་ཡོངས་ཀྱིས་ཁྲིམས་འཛིན་མི་སྣ་ཁྱོན་མི་ཐེངས1680བཏང་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི219ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་ཏེ་རྒྱུས་ལོན་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་འཕྲལ་དུ་དག་ཐེར་བྱ་བར་སྐུལ་འདེད་བཏང་།
ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། དྲང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། རང་འགུལ་ངང་ཞབས་འདེགས་ཞུས་ཐོག “སྔོན་ལ་ལག་ཁྱེར་དང་རྗེས་སུ་ཆོག་འཐུས་སྤྲོད་པ། གནས་ཡུལ་གཅིག་ལ་ཞིབ་བཤེར་གཅིག་བྱེད་པའི”རྩ་དོན་ལྟར། 《མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཀོད་སྒྲིག་ཚད་གཞི(ཚོད་ལྟ་བྱེད་པ)》《མཚོ་སྔོན་ཞིང་ཆེན་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཀོད་སྒྲིག་ཚད་གཞི(ཚོད་ལྟ་བྱེད་པ)》སོགས་ཡིག་ཆའི་བླང་བྱ་གཞིར་བཟུང་འཛུལ་སྒོའི་འགག་སྒོ་ནན་པོ་བཟུང་ནས་ཐོབ་ཐང་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་དོན་དམ་འཛིན་བྱ་རྒྱུ་རེད། ད་སྔའི་བར་སྔ་རྗེས་སུ་སྐོར་ཁག་བཞི་བྱས་ནས་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས334དང་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི4ལ་ཞིབ་མཆན་བཀོད།
མི་དམངས་འགོག་སྲུང་དང་། ལག་རྩལ་འགོག་སྲུང་། དངོས་རྫས་འགོག་སྲུང་བཅས“འགོག་སྲུང་གསུམ་ཟུང་འབྲེལ”གྱི་བྱ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་དང་ལས་རིགས་ཀྱིས་གསོ་སྦྱོང་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་མི་སྣའི་བདེ་འཇགས་དང་། དགེ་རྒན་གྱི་བདེ་འཇགས། རྒྱུ་ནོར་བདེ་འཇགས། ས་གནས་ཀྱི་བདེ་འཇགས། གསོ་སྦྱོང་རྒྱུ་ཆའི་བདེ་འཇགས་སོགས་བདེ་འཇགས་ཉེན་ཁ་སྔོན་འགོག་གི་བླང་བྱ་གཞིར་བཟུང་། ལས་ཁུངས་གཙོ་བོའི་བདེ་འཇགས་ལ་སྐོར་ཞིབ་འཐེན་བཤེར་བྱ་རྒྱུ། དུས་མཚུངས་སུ་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཀྱི་ཞུ་གཏུག་བདག་སྤྲོད་དང་། རྗེས་འདེད་འདྲི་རྩད། མཇུག་འབྲས་ཚུར་ལན་བཅས་ཀྱི་ཐབས་ལམ་ཤར་གཏོང་བྱས་ཏེ་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་མང་ཚོགས་ཀྱིས་བསམ་འཆར་དྲག་པོ་ཞུས་པའི་མངོན་གསལ་དོད་པའི་གནད་དོན་ཁྱོན་ཡོངས་ནས་གསེད་བཀྲོལ་དང་། མི་མངོན་པའི་ཉེན་ཁ་ཆེ་བ་དང་ངན་འབྲས་ཚབས་ཆེན་བཟོ་སྲིད་པའི་རིགས་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་གྱི་ཉེན་ཁ་འབྱུང་རྩ་ནས་སྔོན་འགོག་བྱས་ནས་གནད་དོན་སེལ་རྒྱུ། འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ“ལས་ཁུངས་ནག་པོ”“མངོན་མེད་འགྱུར་ལྡོག”“ཁྱབ་ཁོངས་ལས་བརྒལ་བའི་གཉེར་སྐྱོང”སོགས་ཀྱི་བྱ་སྤྱོད་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུའོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注