བོད་ལྗོངས་ནག་ཆུ་ཉི་མ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་དོ་དམ་མི་སྣའི་འཚོ་བ།

བཀྲ་ཤིས་ནོར་བུ(གཡོན)ཡིས་ལས་གྲོགས་དང་མཉམ་དུ་སྐོར་ཞིབ་བྱེད་བཞིན་པ།

བཀྲ་ཤིས་ནོར་བུ(གཡས)ལས་གྲོགས་དང་མཉམ་དུ་སྐོར་ཞིབ་ལམ་དུ་ངལ་གསོ་བཞིན་པ།

མུ་མཐའ་མེད་པའི་རྩྭ་ཐང་དུ་མི་གཅིག་ཀྱང་མེད་ལ། དེ་ནི་ནོར་བུ་གཡུལ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་དོ་དམ་སྲུང་སྐྱོང་མི་སྣ་བཀྲ་ཤིས་ནོར་བུ་ཡི་ལས་དོན་གཉེར་ས་སྟེ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་བོད་བྱང་ཐང་ཡིན།

ཁ་པར་ལ་བརྡ་རྟགས་མེད་པ་དང་གློག་མེད་པ། བཀྲ་ཤིས་ནོར་བུའི་རྣ་ལམ་དུ་མཐོ་སྒང་གི་རླུང་གཡུགས་པའི་སྒྲ་ཡིན། རི་མགོ་ཞིག་ནས་ལངས་ཏེ་བཀྲ་ཤིས་ནོར་བུ་ཡིས་རྒྱང་རིང་གི་རི་རྩེ་བསྟན་ནས“རི་འདི་བསྐོར་ནས་སོང་ན་ང་ཚོའི་མྱ་ངན་ཐང་གི་ཆེས་ཐག་ཉེ་བའི་དོ་དམ་སྲུང་སྐྱོང་ས་ཚིགས་སུ་ཐོན་ཐུབ”ཟེར།

རི་གཅིག་ལ་འཛེག་དགོས་ན་དུས་ཚོད་གཅིག་གི་རླངས་འཁོར་ལམ་ཐག་དགོས། ཐག་ཆེས་ཉེ་སའི་དོ་དམ་སྲུང་སྐྱོང་ས་ཚིགས་ཡིན་ཡང་རི་གཉིས་ནས་གསུམ་ལ་འཛེག་དགོས། མྱ་ངན་ཐང་དུ་ལམ་མེད་ལ་ཡོད་པ་ནི་དེ་སྔོན་དོ་དམ་སྲུང་སྐྱོང་མི་སྣས་བཞག་པའི་རླངས་འཁོར་གྱི་རྗེས་ཡིན། རླངས་འཁོར་ཡམ་ཡོམ་ནང་མདུན་དུ་བསྐྱོད་པའི་དོན་དེར་བཀྲ་ཤིས་ནོར་བུ་དང་ལས་གྲོགས་ཚོ་སྔ་མོ་ནས་གོམས་ཡོད།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་སྐམ་སའི་སྐྱེ་ཁམས་མ་ལག་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་མ་ཟད། རང་རྒྱལ་གྱི་སྲོག་ཆགས་ཆེ་གྲས་རྩ་ཆེན་ཏེ་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་འདུས་ས་ཡིན་པས་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱི་ཁྱུ་ཚོགས་མང་པོ་གནས་དེར་འཚོ་སྡོད་བྱས་ཡོད།

2015ལོ་ནས་བཟུང་། བོད་ལྗོངས་ཀྱིས་བོད་བྱང་ཐང་ནས་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་ས་ཚིགས73བཙུགས་པ་དང་། མིག་སྔར་བསྡོམས་པས་རི་སྐྱེས་སྲོག་ཆགས་ཆེད་ལས་དོ་དམ་སྲུང་སྐྱོང་མི་སྣ780ཡོད། བཀྲ་ཤིས་ནོར་བུ་ནི་དེ་ནང་གི་གཅིག་ཡིན།

“ཞོགས་པའི་དུས་ཚོད9ཐོག་བསྐྱོད་ན། མཚན་མོའི་དུས་ཚོད་དགུ་ལྷག་ཏུ་ད་གཟོད་དོ་དམ་སྲུང་སྐྱོང་ས་ཚིགས་སུ་ཐོན་ཐུབ”ཟེར། གལ་ཏེ་དོ་དམ་སྲུང་སྐྱོང་གིས་བཀོད་སྒྲིག་བྱས་པའི་སྐོར་ཞིབ་ཆེན་མོ་དང་ཐུག་ཚེ། ལས་དོན་མི་སྣ་མྱ་ངན་ཐང་གི་གཏིང་ཟབ་སར་ཕྱིན་ནས་ཉིན20རིང་གི་སྐོར་ཞིབ་ལས་དོན་སྤེལ་དགོས། དེས་མྱ་ངན་ཐང་དུ་ལས་དོན་གཉེར་ནས་ལོ་མང་འགོར་བའི་བཀྲ་ཤིས་ནོར་བུ་ལ་མཚོན་ན་འགྲན་སློང་ཆེན་པོ་ཞིག་ཡིན། ཆུ་འཐུང་ན་དར་བརྐོ་དགོས་པ་དང་ཆུ་ལེན་པ་དང་ཟ་མ་ལས་ན་རང་གིས་ཆ་མ་འཚོལ་དགོས། གཉིད་ན་རང་གིས་སྦྲ་གུར་ཕུབ་དགོས་ལ། གང་ལ་སོང་ན་དེ་རུ་འདུག་དགོས་ཟེར།

སྐོར་ཞིབ་ལམ་དུ་རི་སྐྱེས་སྲོག་ཆགས་ནི་དོ་དམ་སྲུང་སྐྱོང་མི་སྣའི་ཆེས་བཟང་བའི“གྲོགས་པོ”ཡིན། རྐྱང་ཁྱུ་ཡིས་སོས་དལ་ངང་ཟས་འཚོལ་བ་དང་། གཙོད་གཅིག་གཉིས་ཀྱིས་གཞུང་ལམ་ནང་རྒྱུ་པའི་རླངས་འཁོར་ལ་ལྟ་བཞིན་ཡོད། “ད་ལྟ། སྲུང་སྐྱོང་ཁུལ་ནང་གི་རི་སྐྱེས་སྲོག་ཆགས་མི་ལ་འཕྲད་ན་འཇིགས་སྣང་མེད”ཅེས་བཀྲ་ཤིས་ནོར་བུས་དེ་ལྟར་བརྗོད།

ཡིན་ཡང་རི་སྐྱེས་སྲོག་ཆགས་སྐྱོབ་པ་ནི་སྐོར་ཞིབ་ལམ་བར་གྱི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། བཀྲ་ཤིས་ནོར་བུ་ཆེད་ལས་དོ་དམ་སྲུང་སྐྱོང་མི་སྣ་བྱས་ནས་ལོ8ལྷག་འགོར་ཡོད། རོགས་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་མང་ཆེ་ཤས་གསའ་ཡིན།

“མང་ཚོགས་ཀྱིས་གསའ་ལུག་ར་ནང་འཛུལ་ནས་ལུག་བསད་པ་རེད་ཅེས་ཐེར་འདོན”བྱས་ན། ཡུལ་དངོས་སུ་ཐོན་རྗེས་བཀྲ་ཤིས་ནོར་བུས་ཐོག་མར་འབྲོག་མི་ཚོར་སེམས་གསོ་བྱེད་པ་དང་། དེ་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ།“གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཡིན་པས། ང་ཚོས་དེར་གནོད་སྐྱེལ་མི་རུང་ལ། འབྲོག་མི་ཚོར་འོས་འཚམ་གྱི་ཁ་གསབ་སྤྲོད་ངེས”ཞེས་བརྗོད་བཞིན་ཡོད།

“ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། ད་ལྟ་འབྲོག་མི་ཚོས་ཀྱང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་དགོས་པའི་འདུ་ཤེས་ཟབ་མོ་ཆགས་པ་རེད”ཅེས་བཀྲ་ཤིས་ནོར་བུ་ཡིས་དེ་ལྟར་བརྗོད། དེ་ཡོད་ཚད་ནི་ཡུན་རིང་བོར་སྲུང་སྐྱོང་ལས་དོན་གཉེར་བའི་གྲུབ་འབྲས་ཡིན། དུས་རབས་སྔོན་མའི་མཇུག་དང་དུས་རབས་འདིའི་དུས་མགོར་བོད་བྱང་ཐང་དུ་རི་དྭགས་རྔོན་པའི་གནས་ཚུལ་མང་པོ་བྱུང་པ་དང་། བཀྲ་ཤིས་ནོར་བུ་ཡོད་སའི“ནོར་བུ་གཡུལ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས”ནི་སྐབས་དེར་རང་སྲོག་བློས་བཏང་པའི་ནགས་ཚལ་ཉེན་རྟོག་པ་ཞིག་ལས་མིང་ཐོགས་པ་ཡིན། 2002ལོར་ཉེན་རྟོག་པ་དེས་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དུ་རི་དྭགས་རྔོན་མཁན་བཟུང་དུས་མེ་མདའ་ཕོག་ནས་སྲོག་ཤོར་བ་རེད།

ད་ལྟ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཕན་འབྲས་མངོན་གསལ་ཡིན་ཞིང་། “ནོར་བུ་གཡུལ་རྒྱལ”ཡང་བཀྲ་ཤིས་ནོར་བུ་སོགས་ཀྱི་མིང་དུ་གྱུར། རྒྱུ་མཚན་གནས་དེ་རུ“ནོར་བུ་གཡུལ་རྒྱལ”ནི“བོད་བྱང་ཐང་གི་སྲོག་ཆགས་སྲུང་མཁན”གྱི་ཚབ་བྱེད་ཐ་སྙད་ཅིག་ཏུ་གྱུར་བས། དོ་དམ་སྲུང་སྐྱོང་མི་སྣ་ཚང་མས“ང་ཚོ་ཚང་མ་ནོར་བུ་གཡུལ་རྒྱལ”ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号