མགོ་ལོག་གཅིག་སྒྲིལ་དུ་ལྗང་མདོག་ཁྱམས་རིང་ལ་གཟིགས་པ།

མཚོ་སྔོན་གྱི“ཤར་ལྷོའི་སྒོ་མོ”ཞེས་འབོད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དེ་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་གནས་སུ་ཆགས་པ་དང་། དེ་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཞིང་ཆེན་གསུམ་གྱི་འདྲེས་མཚམས་ཡིན་པས། ཁྱབ་ཁོངས་ནང་གི་ཆུ་རྩྭ་འཛོམས་པ་དང་མཐོ་སྒང་གི་མཚོ་དང་མཚེའུ། འཁྱགས་རོམ་ཤིན་ཏུ་མང་བས“སྐྱེ་ཁམས་རི་མོ·གནམ་སྦྱིན་གཅིག་སྒྲིལ”ཞེས་པའི་མཚན་སྙན་ལྡན།

གཅིག་སྒྲིལ་རྫོང་གིས་ནགས་རྩྭ་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ནགས་རྩྭ་སྐྱེ་ཁམས་མ་ལག་སླར་གསོ་དམིགས་ཡུལ་དུ་བཟུང་ནས། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་གཙོ་བོ་བྱས་ནས་རྣམ་པ་མང་པོ་སྤྱད་དེ་ནུས་ལྡན་གྱིས་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་རྣམ་གྲངས་ཆེན་མོ་དང་རྒྱལ་ཁོངས་ལྗང་སྒྱུར་འགན་ཁུར་གྱི་གྲ་སྒྲིག་དང་སྐུལ་འདེད་ལས་དོན་སྤེལ། རང་ཚོར་གྱིས་གནམ་སྔོན་པོ་དང་ས་གཞི་ལྗང་སྒྱུར། རི་སྔོ་ཆུ་དྭངས་ཀྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་འགན་ཁུར་བ་རེད།

ཟླ7པའི་ཚེས19ཉིན་གྱི་ཞོགས་པར། གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོ་འབྲིང་མདའ་གྲོང་ཚོའི་འབྲོག་མི་དབང་རྡོ་རྩྭ་ཐང་དུ་བསྐྱོད་ནས་ཉིན་གཅིག་གི་ལས་དོན་སྒྲུབ་མགོ་བརྩམས། ཁོའི་ཉིན་གཅིག་གི་ལས་ཀ་ནི་རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་ལ་སྐོར་ཞིབ་བྱེད་པ་དང་། གད་སྙིགས་གཙང་སེལ་བྱེད་པ། ཆུའི་སྤུས་ཚད་ལྟ་ཞིབ་ཚད་འཇལ་བྱེད་པ། ཁྲིམས་འགལ་ངང་ཤིང་སྡོང་གཅོད་དང་རི་དྭངས་རྔོན་པ་འགོག་པ་བཅས་ཡིན། ཁོས་ཁ་པར་སྙི་ཆས་བརྒྱུད་དེ་ནམ་ཡང་ལམ་བར་གྱི་ལས་དོན་གནས་ཚུལ་ཡར་ཞི་བྱེད་པ་དང་། ཚན་རིག་གི་ཐབས་ལམ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྲོག་ཆགས་དང་སྐྱེ་དངོས་སྣ་ཚོགས་སྲུང་བཞིན་ཡོད།

ཟླ7པའི་ཚེས19ཉིན། དབང་རྡོ་ཡིས་ཁྱབ་ཁོངས་སུ་སྐོར་ཞིབ་བྱེད་བཞིན་པ།

2012མཚོ་སྔོན་ཞིང་ཆེན་གྱིས་སྔོན་ལ་ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་གི“སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣའི”ལམ་ལུགས་བཙུགས་པས། དབང་རྡོ་ལྟ་བུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དགའ་བའི་འབྲོག་མི་ཚོས་ཕྱུགས་འཚོ་བའི་ལས་དོན་བསྐྱུར་ཏེ་དཔུང་རྟགས་དམར་པོ་བཏགས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་རུ་གྱུར།

ཟླ7པའི་ཚེས19ཉིན་པར་བླངས་པའི་གཅིག་སྒྲིལ་རྫོང་གི་རྨ་ཆུའི་ཁུགས་སོ་དང་པོ།

གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བདེ་ལེགས་དཔལ་ལྡན་གྱིས་གསར་འགོད་པ་ཁྲིད་ནས་གཅིག་སྒྲིལ་རྫོང་ཁོངས་ཀྱི་གསའ་ཁོག་ཆུ་འགྲམ་དུ་ཡོང་། ཁོས་སྔོན་ཆད་འབྲོག་མི་ཚང་མའི་སྲུང་སྐྱོང་འདུ་ཤེས་གཏིང་ཟབ་མིན་པས་འཚོ་བའི་ཐོན་སྐྱེད་གད་སྙིགས་ཆུ་ནང་དུ་འཕེན་པས་ཆུ་བོར་འབག་བཙོག་བཟོས་པ་མ་ཟད། ཆུ་ལོག་རྒྱུག་ནས་ཆུ་རྒྱས་ན་འགྲམ་གཉིས་ཀྱི་ལམ་ནང་དང་རྩྭ་ཐང་དུ་ཆུ་བོ་ཤོར་བའི་ཉེན་ཁ་ཡོད་ཟེར།

མ་ཡུམ་ཆུ་བོར་སྲུང་སྐྱོང་བྱེད་པའི་ཆེད་དུ2018ལོའི་ལོ་སྟོད་ལ་གཅིག་སྒྲིལ་རྫོང་གིས་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་པས། གཅིག་སྒྲིལ་གྱི་གཙང་བོ་དང་ཆུ་བོའི་དོ་དམ་ལམ་ལུགས་ཀྱི་རྩ་བའི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་། དེ་བས་རྨ་ཆུའི་གཞུང་རྒྱུན་དང་ཡུར་བུའི་རི་རྒྱུད་ཀྱི་འབབ་རྒྱུད་ཡོངས་ལ་ཁྱབ་པའི“བཅོས་སྐྱོང་དྲ་རྒྱ”གཅིག་སྒྲིལ་ནས་བཙུགས།

ཆུ་ལག་སོ་སོས་འབབ་རྒྱུད་དགར་བ་དང་ཡུལ་ཁུལ་བགོས་ནས“ཆུ་གཅིག་གཙང་གཅིག་ཇུས་འགོད་གཅིག”བཟོས་པ་མ་ཟད། ཏང་ཡོན་ཆུ་སྐོར་རུ་ཁག་བཙུགས་ནས་གཙང་བོ་དང་ཆུ་བོ་ལ་སྐོར་ཞིབ་བྱེད་པའི་ཁྲོད་རྙེད་པའི་ཁོར་ཡུག་གཙང་སྦྲའི་གནད་དོན་སོགས་ལ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྐུལ་འདེད་བྱས་ནས་བཅོས་སྐྱོང་དང་གཙང་སེལ་བྱས། གཙང་དཔོན་དང་ཆུ་དཔོན་ལམ་ལུགས་འཛུགས་སྐྲུན་གྲོང་ཚོ་དང་ཁྱིམ་ཚང་ནང་བསྐྱོད་པ་དང་བསྟུན་ཆུ་དྭངས་མོ་གྱུར་བ་དང་འགྲམ་རྒྱུད་ལྗང་མདོག་ཏུ་གྱུར་བ། གཙང་བོ་དང་ཆུ་བོ་ཡང་མཛེས་ལྗོངས་སུ་གྱུར།

གསར་འགོད་པས་རྒྱུས་ལོན་ལྟར་ན། ཉེ་བའི་ལོ་ཤས་རིང་། གཅིག་སྒྲིལ་རྫོང་གིས་རྫོང་དང་ཤང་། གྲོང་ཚོ་རིམ་པ་གསུམ་པའི་ཆུ་དཔོན་དང“དམངས་ཁྲོད+དང་བླངས་ཞབས་ཞུའི”“མཉམ་འགོག མཉམ་འཛིན། མཉམ་བཅོས”ཀྱི་མཉམ་འགུལ་མཉམ་སྐྱོང་ལམ་སྲོལ་བཙུགས་ནས་གྲོང་རྡལ་གྱི་ཆུ་དཔོན18དང་གྲོང་ཚོ་རིམ་པའི་ཆུ་དཔོན32། གྲོང་ཚོ་རིམ་པའི་ཆུ་བོ་སྐོར་ཞིབ་པ98། ཁེ་ལས་ཆུ་དཔོན1བཀོད་སྒྲིག་བྱས་ནས། ཡུལ་སྲུང་འགན་ཡོད་དང་ཡུལ་སྲུང་འགན་ཁུར། འགན་ཤོར་བདའ་འདེད་ཀྱི་འགན་ཁུར་ཧྲིལ་བོའི་སྦྲེལ་ཐག་སྐྲུན། མིས་བཟོས་པའི་དོ་དམ་སྲུང་སྐྱོང་དང་ཁྲིམས་སྲོལ་དང་ལམ་ལུགས་ཐད་ཀྱི་སྲུང་སྐྱོང་གང་ཞིག་ཡིན་རུང་། གཅིག་སྒྲིལ་རྫོང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཐད་སྲ་བརྟན་འགྱུར་མེད་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བཙུགས་ཡོད།

ཟླ7པའི་ཚེས19ཉིན་པར་བླངས་པའི་གཅིག་སྒྲིལ་རྫོང་རྨ་ཆུ་སྐྱེ་ཁམས་རིག་གནས་སྲུང་སྐྱོང་དང་ཡུལ་སྐོར་རོལ་མྱོང་ཁུལ།

གཏིང་ཟབ་པའི་སྒོ་ནས་གཙང་ཆུའི་ཁོར་ཡུག་སྲུང་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། རྒྱུན་མཐུད་ངང་གཙང་ཆུའི་བདེ་ཐང་དཔྱད་དཔག་ལ་སྐུལ་འདེད་ཀྱིས་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སླར་གསོ་ལས་དོན་གང་ལེགས་སྤེལ་བ་དང་། གཅིག་སྒྲིལ་རྫོང་གི་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར་ཞིང་རྨ་ཆུའི་ཁོངས་འབུད་ཆུའི་སྤུས་ཚད་རིགསⅠརྒྱུན་འཁྱོངས་བྱས་ཏེ། གཙང་དཔོན་ཆུ་དཔོན་ལས་དོན་དེ“མིང་ཡོད་འགན་ཡོད”ནས“ནུས་ལྡན་འབྲས་ཐོན”གྱི་བགྲོད་ལམ་ནང་ཞུགས་ནས་གསོན་ཤུགས་རབ་ཏུ་རྒྱས་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号