བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་འཕོ་འགྱུར།

བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་ཟུར་ཞིག

རྒྱལ་ཡོངས་ཀྱི་ཁེར་རྐྱང་ངང་བཙུགས་པའི་བོད་ཀྱི་གསོ་རིག་མཐོ་རིམ་སློབ་གྲྭ་ཞིག་ཡིན་པའི་ངོས་ནས། བོད་ཀྱི་གསོ་རིག་སྐོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བོད་ཀྱི་གསོ་རིག་རིག་གནས་རྒྱུད་འཛིན་བྱེད་པ་ནི་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་འོས་འགན་ཡིན།

དེ་སྐོར་གླེང་དུས་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་སློབ་གཙོ་ཉི་མས་གསར་འགོད་པར། “ལོ་ངོ35རིང་ལ་ང་ཚོས་མཐོ་རིམ་སློབ་གསོ་དང་། དགེ་སློབ་ཀྱིས་རྒྱུད་འཛིན་བྱེད་པ། ལས་རིགས་གསོ་སྐྱོང་སོགས་ཀྱི་སློབ་གསོའི་ཐབས་ཀྱིས་བསྡོམས་པས་རྒྱལ་ཡོངས་སུ་བོད་ཀྱི་གསོ་རིག་དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་སོགས་ཀྱི་རིམ་པ་སོ་སོའི་ཆེད་ལས་ཤེས་ལྡན་མི་སྣ8000ལྷག་གསོ་སྐྱོང་བྱས་ནས། རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་རིག་བྱ་གཞག་འཕེལ་རྒྱས་ཐད་ཤེས་ལྡན་མི་སྣ་མཁོ་འདོན་བྱས་པ་ཡིན”ཞེས་བརྗོད།

“ང་ཚོས་བོད་ཀྱི་གསོ་རིག་རིག་གནས་རྒྱུན་འཁྱོངས་བྱས་པ་དང་ཆབས་ཅིག་ཏུ་ཧུར་ཐག་གིས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱེད་པའི་བོད་ཀྱི་གསོ་རིག་དེང་རབས་ཚན་ཞིབ་མ་ལག་དང་མཐོ་རིམ་སློབ་གསོ་མ་ལག་བསྐྲུན་ནས། རྨང་གཞི་གཏིང་ཟབ་པ་དང་ལག་རྩལ་རྩེ་ལྡན་གྱི་བོད་ཀྱི་གསོ་རིག་སྐོར་གྱི་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་ཡོད། ང་ཚོས་བོད་ཀྱི་གསོ་རིག་སྐོར་གྱི་རིམ་མཐོ་སྣེ་ཁྲིད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་མ་ཟད། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་གཞི་རིམ་གྱི་ཤེས་ལྡན་མི་སྣ་ཡང་གསོ་སྐྱོང་བྱས་པ་ཡིན། བོད་ལྗོངས་ཀྱི་བོད་སྨན་ཁང་སོ་སོ་ཡང་ན་བོད་སྨན་ཚན་ཁག་གི་རྐང་འཛིན་སྟོབས་ཤུགས་མང་ཆེ་ཤས་ང་ཚོ་སློབ་གྲྭ་ནས་མཐར་ཕྱིན་པ་རེད”ཅེས་སློབ་གཙོ་ཉི་མས་དེ་ལྟར་བརྗོད།

བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་སློབ་གཙོ་ཉི་མས(གཡོན་གྱི་གསུམ)སློབ་ཁྲིད་བྱེད་བཞིན་པའི་པ།

བོད་ཀྱི་གསོ་རིག་དེ་ལོ་ངོ3800ལྷག་གི་འཕེལ་རྒྱས་གོ་རིམ་ཁྲོད་ཐུན་མོང་མ་ཡིན་པའི་གཞུང་ལུགས་དང་ཕུན་སུམ་ཚོགས་པའི་ལག་ལེན་ཉམས་མྱོང་ཆགས་པས། དེ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནོར་བུ་ལྟ་བུ་གྱུར།

བོད་ཀྱི་གསོ་རིག་སློབ་ཆེན་གྱིས་ནམ་ཡང“སྲོལ་རྒྱུན་གཞིར་བཟུང་དང་གསར་སྐྲུན་གསར་འབྱེད”ཀྱི་སློབ་གྲྭ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ལ་བདེ་བླག་ངང《ཀྲུང་གོ་བོད་ཀྱི་གསོ་རིག་པར་གཞི་གནའ་བོའི་དཔེ་རྙིང་རྩ་ཆེན》གཙོ་བོར་འཛིན་པའི་རྒྱལ་ཁབ་རིམ་པའི་རིག་གནས་རྒྱུད་འཛིན་ལས་གཞི་སྤེལ་བ་དང་ཆབས་ཅིག་ཏུ་བོད་སྐྱོར་སློབ་མཐོ་དང་མཉམ་ལས་བྱས་ནས། མཉམ་གྱིས་རྒྱལ་ཁབ་དང་ཞིང་ཆེན། པུའུ་རིམ་པའི་ཞིབ་འཇུག་བྱ་གཞི་སྙན་ཞུ་བྱས་ཤིང་། མཉམ་གྱིས་བོད་ཀྱི་གསོ་རིག་གི་རྨང་གཞི་དང་ནད་ཐོག་སྨན་བཅོས། སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གསར་སྐྲུན་ཞིབ་འཇུག་ལས་དོན་སྤེལ། ལས་གཞིའི་གྲངས་ཀ་དང་གྲུབ་འབྲས་ལ་མངོན་གསལ་གྱིས་མཐོ་རུ་ཕྱིན།

བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་སློབ་མ་ཚོས་སློབ་ཁྲིད་ལ་ཉན་བཞིན་པ།

བོད་ལྗོངས་མཐོ་རིམ་སློབ་གསོའི་བྱ་གཞག་འཕེལ་རྒྱས་བགྲོད་ལམ་གསར་བ་ནང་ཅི་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་གསོ་རིག་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་ནང་བསྐྱོད་རྒྱུ་ནི་སློབ་གཙོ་ཉི་མས་ནམ་ཡང་བསམ་གཞིགས་གཏོང་བའི་གནད་དོན་ཞིག་ཡིན།

བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་སློབ་མ་ཚོ།

མི་གང་འདྲ་གསོ་སྐྱོང་བྱ་རྒྱུ་དང་། ཅི་ལྟར་གསོ་སྐྱོང་བྱ་རྒྱུ། སུའི་ཆེད་དུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གསོའི་གཞི་རྩའི་གནད་དོན་ཞིག་ཡིན། ཉི་མས་ཚོར་སྣང་གཏིང་ཟབ་ལྡན་པའི་སྒོ་ནས་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་ཆེས་འབྲས་སུ་ཐོན་པའི་ལག་ལེན་ནི། སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ནས་སློབ་གྲྭ་འཛུགས་པ་དང་ཤུགས་ཡོད་ཚད་ཀྱིས་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་མཁན་དང་རྗེས་འཛིན་མཁན་གསོ་སྐྱོང་བྱས་པ་དེ་ཡིན་ཟེར།

ཁོང་གིས“བོད་ཀྱི་གསོ་རིག་ནི་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གི་གྲུབ་ཆ་གཙོ་བོ་ཡིན་པའི་ངོས་ནས། ཕུན་སུམ་ཚོགས་པའི་གཞུང་ལུགས་དང་ལག་ལེན་རྨང་གཞི་ལྡན། ཡིན་ཡང་དུས་རབས་ཀྱི་འཕེལ་རྒྱས་དང་ཚན་རྩལ་ཡར་རྒྱས་བརྒྱུད། སྲོལ་རྒྱུན་གྱི་གསོ་རིག་དང་དེང་རབས་ཚན་རྩལ་ཟུང་དུ་སྦྲེལ་ཏེ་བོད་ཀྱི་གསོ་རིག་ཚན་ཞིབ་གྲུབ་འབྲས་སྒྱུར་བར་སྐུལ་འདེད་བྱས་ནས། གསོ་རིག་ཁྱབ་ཁོངས་ཀྱི་གོ་གནས་དང་ནུས་བ་མཐོ་རུ་གཏོང་དགོས། དེ་ནི་དངོས་གནས་དམག་འཐབ་ནང་དོན་ལྡན་པའི་འགན་ཁུར་ཞིག་ཡིན”ཞེས་སློབ་གཙོ་ཉི་མས་དེ་ལྟར་བརྗོད། ཁོས“ཕྱོགས་གཅིག་ནས་བོད་ཀྱི་གསོ་རིག་གི་རྨང་གཞི་ཞིབ་འཇུག་ལ་ཤུགས་སྣོན་ནས་དེང་རབས་ཅན་གྱི་བོད་ཀྱི་གསོ་རིག་གི་ཚན་ཞིབ་མ་ལག་སྐྲུན་དགོས་ལ། ཕྱོགས་གཞན་ཞིག་ནས་བོད་ཀྱི་གསོ་རིག་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་ནས་ཚན་ཞིབ་སྒྱུར་བའི་ནུས་བ་མཐོ་རུ་གཏོང་དགོས། ཡང་དྲིལ་སྒྲོག་དང་མིང་རྟགས་འཛུགས་སྐྲུན་ལ་ཡང་ཤུགས་སྣོན་དགོས”ཟེར།

བོད་ཀྱི་གསོ་རིག་སྐོར་གྱི་ལས་དོན་གཉེར་ནས་ལོ་ངོ30ལྷག་འགོར་བ་དང་། ཉི་མས་བོད་ཀྱི་གསོ་རིག་བྱ་གཞག་ལ་བཅངས་བའི་བརྩེ་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། “བོད་ཀྱི་གསོ་རིག་སྐོར་གྱི་ལས་དོན་གཉེར་ཐུབ་པ་ནི་དངོས་གནས་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། ངས་རང་གི་ཡོད་ཚད་བོད་ཀྱི་གསོ་རིག་ཁྱབ་གདལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐོག་བཞག་སྟེ། མི་སྔར་ལས་མང་པོའི་ནད་གཞི་སེལ་ནས་བདེ་ཐང་དང་རེ་བ་སྐྱེལ་རྒྱུ་ཡིན”ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号