ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་རྫོང་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་གྱི་ཚོགས་ཆེན་བསྡུས་པ།

“བགྲང་བྱ་བདུན་ཅུར་འབྲས་བུས་གཏམས། དུས་རབས་གསར་པར་འབད་པས་སྐྱོད།” ཟླ8པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་ཚོགས་ཆེན་གྱི་མཛད་སྒོ་རྫོང་རྟ་རྒྱུག་ར་བ་ནས་སྤེལ། ཧི་ནན་རྫོང་གི་རིགས་སོ་སོའི་མང་ཚོགས་ཁྲི4.3ལྷག་གིས་དགའ་བའི་གླུ་དང་སྤྲོ་བའི་གར་གྱིས་དུས་སྟོན་བསུས།

རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་མཐུན་སྦྱོར་སྐུལ་འདེད་སི་ཡི་སི་ཀྲང་གཞོན་པ་ལུའུ་ཀྲི་ཅུན་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་དཔུང་གི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། རྨ་ལྷོ་ཁུལ་ཏང་སྲིད་དམག་དཔུང་གི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་མིང་བཅས་ཚོགས་ཆེན་ལ་ཞུགས་ཏེ་གསུང་བཤད་གནང་། རྫོང་ཨུའི་ཧྲུའུ་ཅི་ཁྲེ་ཞང་ཞན་གྱིས་རྟེན་འབྲེལ་ཚོགས་ཆེན་ལ་མགོ་འཛིན་གནང་བ་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཆི་ཞའོ་ཆིང་གིས་ཤིས་ཚིག་ཕུལ།

སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་། ཚོགས་དར་རུ་ཁག་དང་ཚོན་དར་རུ་ཁག མི་རིགས་མཐུན་སྒྲིལ་རུ་ཁག ལུས་རྩལ་པའི་རུ་ཁག འབྲི་བཞོ་རུ་ཁག ཤང་གྲོང་རུ་ཁག་སོགས་གཅིག་རྗེས་གཉིས་མཐུད་ངང་ཚོགས་རར་ཞུགས་ཤིང་། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རྣམ་པ་དང་མཚོན་སྟངས་མི་འདྲ་བའི་ངང་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཕུལ་ཏེ། ཧི་ནན་རྫོང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་འབད་བརྩོན་ཧུར་ལེན་དང་མདུན་སྐྱོད་ཡར་སྐུལ་གྱི་སྙིང་སྟོབས་མཚོན་པར་བྱས།

རྒྱུས་ལོན་པ་ལྟར་ན། ཧི་ནན་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད། ཐེངས་འདིའི་དགའ་སྟོན་རྟེན་འབྲེལ་གྱི་བྱ་འགུལ་ཉིན3རིང་སྤེལ་རྒྱུ་ཡིན་ལ། དེའི་རིང་རྟ་རྒྱུག་དང་སོག་གུར་ཕུབ་པ། ས་སྒྱེ་འགྱོག་པ། ཐག་འཐེན། གྲུབ་འབྲས་འགྲེམ་སྟོན། རོལ་དབྱང་དགོང་ཚོགས། ཡིག་གཟུགས་དང་པར་རིས་སྒྱུ་རྩལ་འགྲེམ་སྟོན། དམངས་གླུ་དང་རྡུང་ལེན་འགྲན་སྡུར་སོགས་ཀྱི་རྣམ་གྲངས12ལྷག་སྤེལ་ཏེ། ཧི་ནན་རྫོང་གི་རིགས་སོ་སོའི་མི་དམངས་ཀྱི་དུས་རབས་གསར་པའི་ཉམས་འགྱུར་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཕྱོགས་ཀུན་ནས་མངོན་རྒྱུ་རེད། 




གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号