མཚོ་སྔོན་གྱིས་རྒྱལ་སྟོན་དུས་ཆེན་དང་ཟླ་བཅུ་པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་གྲོས་མོལ་བྱས།

ཟླ10པའི་ཚེས6ཉིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་བཅས་ཀྱིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་སོགས་ཁོངས་གཏོགས་ལས་ཁུངས་བཅུ་དགུ་རྩ་འཛུགས་བྱས་ནས་རྒྱལ་སྟོན་དུས་ཆེན་དང་ཟླ་བཅུ་པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་སྐོར་ལ་གྲོས་མོལ་ཞིབ་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། དོགས་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས། 

གྲོས་མོལ་བླང་བྱ་ལྟར། འབྲེལ་ཡོད་སྡེ་ཁག་སོ་སོས་གཙོ་གནད་འབུར་དུ་ཐོན་པ་དང་། ལྷོད་གཡེང་དང་སྟེས་དབང་གི་བསམ་ཚུལ་རིང་དུ་དོར་ནས། བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁ་གྲལ་བཤེར་དང་དག་ཐེར་བྱེད་པ་དམ་འཛིན་ལེགས་པོ་བྱེད་ཅིང་། བཀག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་ནན་མོ་བྱེད་དགོས། སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཁག་གིས་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་མང་ཚོགས་ཕྱིར་སྐྱོད་དང་འདུས་སྡོད་མང་པའི་གནས་ཚུལ་ལ་དམིགས་ནས། སྔ་ས་ནས་དོན་རྐྱེན་འབྱུང་སླ་བའི་ལམ་མཚམས་དང་འཚང་ཁ་རྒྱག་སླ་བའི་ལམ་མཚམས། ཨར་ལས་ལམ་མཚམས་བཅས་ལ་གྲལ་བཤེར་བྱས་པར་མ་ཟད། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་འཕྲལ་བསྟུན་སྔོན་ཇུས་གཏན་འབེབས་བྱས་པ་དང་། གུང་གསེང་སྐབས་ཀྱི་སྐྱེལ་འདྲེན་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། རླངས་འཁོར་དང་ཁ་ལོ་བར་དམིགས་ནས་འགུལ་རྣམ་ཚོད་འཛིན་བྱེད་པ་དང་། རྨས་ཕོག་པའི་འགྲུལ་བ་དང་སྐྱོན་ཡོད་པའི་རླངས་འཁོར་གྱི་འགྲུལ་སྐྱོད་ལ་གཏན་འགོག་བྱེད་དགོས། སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་འབར་རླངས་དང་གྲོང་སྲིད། ཨར་ལས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་གཅིག་སྡུད་བྱེད་དགོས། འབར་རླངས་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁར་གྲལ་བཤེར་བྱེད་ཅིང་། གྲོང་སྲིད་ཀྱི་སྤྱི་སྤྱོད་སྒྲིག་ཆས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་པ་དང་། ཉེན་ཁ་ཆེ་བའི་བཟོ་སྐྲུན་དང་ཉེན་ཁ་ཆེ་བའི་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས།  འབར་རླངས་སྒྲིག་ཆས་སྒྲིག་བཀོད་ཀྱི་བདེ་འཇགས་འཁོར་སྐྱོད་དང་། མི་སྣ་འདུས་སྡོད་ཆེ་བའི་སྤྱི་སྤྱོད་གནས་ཡུལ་གྱི་འབར་རླངས་བེད་སྤྱོད་བདེ་འཇགས། གཤེར་གཟུགས་རྣམ་པའི་རྡོ་སྣུམ་དང་སོལ་རླངས་བེད་སྤྱོད་བདེ་འཇགས། ཡུལ་དངོས་བཟོ་སྐྲུན་བདེ་འཇགས་སོགས་ཀྱི་གཙོ་གནད་གཅིག་སྡུད་བྱེད་དགོས། 

རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་གནས་ཡུལ་དང་ལྗོངས་ཁུལ་གཙོ་བོར་བདེ་འཇགས་ཞིབ་བཤེར་བྱེད་པ་དང་། དོ་དམ་འཁོར་རྒྱུག་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་མི་མངོན་པའི་ཉེན་ཁར་གྲལ་བཤེར་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས། ལྗོངས་ཁུལ་གྱི་ལན་ཀན་དང་། ལྗོངས་ཁུལ་གྱི་འགྲུལ་ལམ།  ལྟ་སྐོར་སྟེགས་བུ།  ཆུ་ཐོག་རོལ་རྩེད།  རོལ་རྩེད་སྒྲིག་ཆས་ཆེ་ཤོས། ཉེན་ཁ་ཆེ་བའི་རོལ་རྩེད་ཀྱི་སྒྲིག་ཆས་སོགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་དང་དོ་དམ་ནན་མོ་བྱས་ཏེ།  ཚད་ལྡན་དཔང་རྟགས་མེད་པ་དང་། ཆེད་ལས་ཀྱི་བྱེད་ཐབས་མི་ཤེས་པ། ཆེད་ལས་དོ་དམ་མི་སྣ་མེད་པ་སོགས་ཀྱི་གནས་ཚུལ་འོག་གི་བེད་སྤྱོད་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ལྗོངས་ཁུལ་གྱི་འགྲུལ་བཞུད་ཚད་ལ་གཞིགས་ནས། ཁ་འགྲེམ་གཏོང་བར་ཤུགས་སྣོན་པ་དང་། གློ་བུར་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས། གནམ་གཤིས་བརྟག་དཔྱད་དང་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་རྣམ་གཡེང་མི་བྱེད་པར་གློ་བུར་བའི་གནམ་གཤིས་དང་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས། སྔ་ས་ནས་ཤེས་པ་དང་ཡང་དག་ཡིན་པ།  མགྱོགས་མྱུར་ལྡན་ཞིང་དོན་དངོས་ཡིན་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། ནགས་རྩྭ་སྡེ་ཁག་གིས་འགན་འཁྲི་དངོས་འབེབས་བྱེད་པ་དང་ཞིབ་ཕྲའི་བྱེད་ཐབས་བཟོས་ཏེ། མི་འདང་སར་ཁ་གསབ་དང་ཞན་སར་ཤུགས་སྣོན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྟོན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་བྱེད་པའི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号