ཡུལ་ཤུལ་གཡག་རུ་ཁག་ཀུའེ་ཀྲོའུ་ཡི“ཞིང་གྲོང་རྐང་གྲུག”འགྲན་སྡུར་སྟེང་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ10པའི་ཚེས4ཉིན།  ཡུལ་ཤུལ་གཡག་རུ་ཁག་དང་འཁྲབ་སྟོན་པ80བཅས་ཀུའེ་ཀྲོའུ་རོང་ཅིང་དུ་བསྐྱོད་དེ།ཡུལ་དེའི“ཞིང་གྲོང་རྐང་གྲུག་འགྲན་སྡུར”དང་“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཛའ་བརྩེ་འགྲན་སྡུར་དང་ཀུའེ་ཀྲོའུ་སྟེ་ཡུའེ་ཀང་ཨའོ་མཚོ་ཁུག་ཁུལ་གྱི“ཞིང་གྲོང་རྐང་གྲུག”མཛའ་བརྩེ་འགྲན་སྡུར་སྐབས་དང་པོར་ཞུགས་ཏེ།  རྐང་གྲུག་འགྲན་རྩལ་ཐད་ནས་བརྗེ་སྤེལ་བྱེད་པ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་གཟིགས་མོ་བར་རབ་མཛེས་མཚོ་སྔོན་དང་ཆུ་གསུམ་འགོ་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་གླུ་གར་དང་ཡུལ་སྲོལ་གོམས་གཤིས་ངོམ།

ངོམ་སྟོན་གྱི་རིམ་པ་ནས་མི100ལྷག་གིས་གྲུབ་པའི་འཁྲབ་སྟོན་པས་མི་རིགས་ཀྱི་གཟབ་འཆོར་སྤྲས་ཏེ། མཚར་ཉམས་དང་བཅས་འགྲན་རར་བསྐྱོད་ཅིང་། རྒྱལ་ཡོངས་ཀྱི་གཟིགས་མོ་བ་རྣམས་ལ་ཡུལ་ཤུལ་གྱི་གཟབ་འཆོར་རིག་གནས་དང་རྐང་གྲུག་རིག་གནས་ངོམ་པ་མ་ཟད། སྒོ་ཀུན་ནས་ཆུ་འགོའི་བུ་དང་བུ་མོ་རྣམས་ཀྱི་སེམས་པའི་དཔལ་ཡོན་ཅི་དགར་ངོམ། དེར་བཞུགས་ཀྱི་སྐུ་མགྲོན་དག་གིས་ཁ་པར་ལག་ཏུ་བཟུང་སྟེ་བརྙན་དུ་འགོད་པ་དང་།  ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྐད་ཁྲོད་གཡག་རུ་ཁག་གི་འགྲན་ཡ་ཞིའི་ཧྲན་པའོ་ལོ་ཀའོ་ཆའོ་རུ་ཁག་དང་འགྲན་ནས་མཛའ་བརྩེ་འགྲན་སྡུར་དེའི་སྒོ་གླགས་ཡངས་པོར་ཕྱེས།

འགྲན་སྡུར་ཁྲོད། ཡུལ་ཤུལ་གཡག་རུ་ཁག་གིས་ཕན་ཚུན་བསྟུན་མཁས་དང་རྐང་གྲུག་བརྒྱུད་སྤྲོད། སྒོ་སྲུང་། འཕེན་འཇུག་ལ་སོགས་གང་གི་ཆ་ནས་འགྲན་ཡའི་ཕྱོགས་ཟིལ་ཤུགས་ཀྱིས་མནན་ན་ཡང་། མཐར་སྐར་འབྲས0∶1ཡིས་ཕ་རོལ་ལས་ཕམ་པ་རེད། ཡིན་ན་ཡང་འགྲན་ཞུགས་རུ་མི་རྣམས་ལ་མཚོན་ན།དེ་ནི་བརྗེ་སྤེལ་དང་ཉམས་མྱོང་བརྗེ་རེས་ཀྱི་རྩ་ཆེ་བའི་གོ་སྐབས་ཐེངས་ཤིག་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号