ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་བྱང་རྒྱུད་དུ་མེ་ཤུགས་འཕུར་མདེལ་བཅུ་ལྷག་འཕངས།

ཚེས4ཉིན།  ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་ཁོངས་གཏོགས་ཀྱི་སྒྲོན་སྟེགས་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་ཐོ་རེངས་སྐབས་སུ་དབྱི་སི་རལ་གྱི་བྱང་རྒྱུད་དུ“ཁ་ཆིའུ་ཧྲ”ཞེས་པའི་མེ་ཤུགས་འཕུར་མདེལ་བཅུ་ཕྲག་ཁ་ཤས་འཕངས་ཡོད་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན།  དེ་ནི་དབྱི་སི་རལ་གྱིས་ཚེས3ཉིན་ལེ་པ་ནོན་གྱི་ལྷོ་རྒྱུད་ས་ཁུལ་ལ་འཇབ་རྒོལ་བྱས་པར་ལན་སློག་པ་ཞིག་རེད།

ལེ་པ་ནོན་དམག་ཕྱོགས་ཀྱི་གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།   ཚེས3ཉིན་གྱི་ཕྱི་དྲོ། དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་འཕུར་མདེལ་གཉིས་སྤྱད་དེ་ལེ་པ་ནོན་ལྷོ་རྒྱུད་ཀྱི་གྲོང་ཚོ་ཏེའར་ཞིས་ལིས་ཨན་གྱི་ཚོང་ཁང་ཆུང་ཆུང་ཞིག་ལ་འཇབ་རྒོལ་བྱས་ནས།  བྱིས་པ1རྐྱེན་ལམ་དུ་བཏང་བ་དང་བྱིས་པ3ཚུད་པའི་མི་སེར6རྨས་པ་དང་། དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་ལེ་པ་ནོན་ལྷོ་ནུབ་རྒྱུད་ཀྱི་གྲོང་ཚོ་ཐའེ་ཨེར་ཧའར་ཧྥ་ལ་འཇབ་རྒོལ་བྱས་ནས་མི་སེར1རྨས་ཡོད་ཟེར།

གནས་ཚུལ་ཤེས་མཁན་དེས་ད་དུང་དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་དང་མི་མེད་གནམ་གྲུས་ཚེས3ཉིན་གྱི་ཕྱི་དྲོར་ལེ་པ་ནོན་ལྷོ་རྒྱུད་ཀྱི་གྲོང་རྡལ་དང་གྲོང་ཚོ5ལ་མཁའ་རྒོལ་ཐེངས6བྱས་པ་དང་།  དབྱི་སི་རལ་གྱི་སྒྱོགས་དམག་གིས་ལེ་པ་ནོན་ལྷོ་རྒྱུད་མཐའ་མཚམས་ས་ཁུལ་གྱི་གྲོང་རྡལ་དང་གྲོང་ཚོ8ལ་སྒྱོགས་མདེལ30འཕངས་ཡོད་ཟེར།

ཟླ7པའི་ཚེས30ཉིན།  དབྱི་སི་རལ་གྱིས་ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐེ་ལྷོ་འདབས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ཅིག་ལ་མཁའ་རྒོལ་བྱས་ནས་ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་དམག་དོན་བཀོད་འདོམས་དཔོན་པོ་ཧྥུའུ་ཨ་ཏི·ཧྲུའུ་ཁུའུ་ཨར་དང་མི་སེར5རྐྱེན་ལམ་དུ་བཏང་བ་དང་།  གཞན་ཡང་མི74རྨས་པ་རེད། ཟླ8པའི་ཚེས1ཉིན། ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ན་སི་ལུའུ་ལ་ཡིས་ཧྲུའུ་ཁུའུ་ཨར་གྱི་དུར་འཇུག་མཛད་སྒོའི་སྟེང་འཁོན་ལན་སློག་རྒྱུའི་དམ་བཅའ་བཞག་པ་རེད།

ན་ནིང་གི་ཟླ10པའི་ཚེས7ཉིན། རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་བྱུང་བ་ནས་བཟུང་།  ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་བྱང་རྒྱུད་དང་དབྱི་སི་རལ་གྱིས་ཚོད་འཛིན་བྱས་པའི་ཀི་ལན་མཐོ་སར་ཡང་ཡང་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་དམག་དཔུང་གིས་ལེ་པ་ནོན་གྱི་ལྷོ་རྒྱུད་དམིགས་འབེན་ལ་མཁའ་རྒོལ་དང་མེ་སྒྱོགས་འཕངས་ནས་འཁོན་ལན་སློག་བཞིན་ཡོད། ལེ་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་ཕྱོགས་གཉིས་ཀྱི་གདོང་ཐུག་ད་བར་དུ་རྒྱུན་མཐུད་ནས། ལེ་པ་ནོན་གྱི་ལྷོ་རྒྱུད་དང་དབྱི་སི་རལ་གྱི་བྱང་རྒྱུད་མཐའ་མཚམས་ས་ཁུལ་གྱི་གྲོང་མི་འབོར་ཆེན་ཕྱིར་འཐེན་བྱས་ཡོད།

ཟླ8པའི་ཚེས4ཉིན།  དབྱི་སི་རལ་གྱི“ལྕགས་ཕུང”མཁའ་ཟོན་མ་ལག་གིས་དབྱི་སི་རལ་བྱང་རྒྱུད་ཀྱི་ཅ་ལི་ལི་ས་ཁུལ་དུ་འཕངས་པའི་མེ་ཤུགས་འཕུར་མདེལ་བཀག་འགོག་བྱས་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号