ཨེ་ཅིབ་ཀྱིས་ལེ་པཱ་ནུན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཏུན22བསྐྱལ།

ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས5ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ལེ་པཱ་ནུན་ལ་མི་ཆོས་རིང་ལུགས་ཀྱིས་རོགས་སྐྱོར་དངོས་རྫས་ཏུན22བསྐྱལ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒུད་སྐྱོབ་དངོས་རྫས་དེ་དག་ལ་སྨན་བཅོས་ཡོ་བྱད་དང་འཚོ་བའི་མཁོ་དངོས། རྒུད་སྐྱོབ་དངོས་རྫས་སོགས་འདུས། རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་དེ་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་གནམ་གྲུ་ཐང་དུ་བབས།

བྱེད་ཐབས་དེ་ལས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡི་མཛུབ་སྟོན་དངོས་འབེབས་བྱས་ཡོད་དེ། ལེ་པཱ་ནུན་དང་དེའི་མི་དམངས་ལ་རྒྱབ་སྐྱོར་བྱས་ནས། དབྱི་སི་རལ་གྱི་འཇབ་རྒོལ་གྱི་ཤུགས་རྐྱེན་ཞི་འཇགས་སུ་བཏང་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ལེ་པཱ་ནུན་དུ་སྡོད་པའི་ཨེ་ཅིབ་ཀྱི་གཞུང་ཚབ་ཁང་གིས་ལེ་པཱ་ནུན་དུ་ཡོད་པའི་ཨེ་ཅིབ་ཀྱི་སྤྱི་དམངས་དང་དེའི་ཁྱིམ་མི286ཨེ་ཅིབ་མཁའ་འགྲུལ་ཀུང་ཟིའི་དམིགས་བསལ་གྱི་གནམ་གྲུ་ཞིག་ལ་བསྡད་ནས་ཕྱིར་ཨེ་ཅིབ་ཏུ་བསྐྱལ་ཡོད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号