ད་ལྟ་ལུག་འདིའི་རིན་གོང་སྒོར1600བར་འཕར་འདུག

ནག་ཆུ་དཔལ་མགོན་རྫོང་གིས་ཚན་རིག་བེད་སྤྱད་ནས་སྒོ་ཟོག་འཚོ་བཞིན་ཡོད་པ་དང་།  ལྷག་པར་དུ་སེ་བ་ལུག་དང་གཡག་པའི་ནོར་གྱི་རྒྱུད་བཟང་སྤེལ་རྒྱུར་མཐོང་ཆེན་བྱས་ནས།  ལུག་ཁྱུ་དང་ནོར་ཁྱུའི་སྒྲིག་འཛུགས་ཁྱབ་གདལ་བཏང་སྟེ།   རྒྱུད་བཟང་གསོ་སྤེལ་དང་།  སྤུས་དག་འཚོ་སྐྱོང་བྱེད་པའི་ལས་དོན་སྤེལ་ཤུགས་ཆེར་སྤེལ་ཡོད།  དེ་དང་ཆབས་ཅིག་དཔལ་མགོན་རྫོང་གི་སེ་བ་ལུག་གི་ཚོང་རྟགས་ཐོ་འགོད་དང་རྒྱལ་ཁབ་ཀྱི་སྒོ་ཕྱུགས་ཐོན་ཁུངས་གསལ་འབྱེད་ལེགས་སྒྲུབ་བྱས་ཡོད་ལ།  སེ་བ་ལུག་རྟགས་ཅན་གྱི་ཐོན་རྫས་རྒྱལ་ཡོངས་ཀྱི་གྲགས་ཅན་དང་།  ཁྱད་ལེགས།  སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པའི་མིང་གྲལ་ཏུ་བཅུག་ཡོད་པར་མ་ཟད།  སེ་བ་ལུག་གི་རིན་གོང་ཡང་དེ་སྔའི་སྒོར1200ནས་སྒོར1600ལ་འཕར་ཡོད།


སྤྱི་ལོ2017ལོ་ནས2024ལོའི་བར།  སེ་བ་ལུག་དང་གཡག་པའི་ནོར་གྱི་རྒྱུད་བཟང་གསོ་སྤེལ་བྱེད་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི1820.96བཏང་ཡོད་པ་དང་།  ཁྱོན་བསྡོམས་རྒྱུད་བཟང་ནོར་ལུག11598གསོ་སྐྱོང་བྱས་ཡོད་པས་ད་ཆ་སེ་བ་ལུག་དང་གཡག་པའི་ནོར་གྱིས་ས་ཆ་དེའི་ནོར་ལུག་སྤྱིའི་བརྒྱ་ཆ60ཟིན་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号