ཐའེ་གོའི་ཙུང་ཐུང་གསར་པ་ཕའེ་ཐུང་ཐན་གྱིས་ཐའེ་གོ་དང་ཀྲུང་གོ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།

ཟླ8པའི་ཚེས26ཉིན།  ཐའེ་གོའི་ཙུང་ཐུང་གསར་པ་ཕའེ་ཐུང་ཐན·ཆན་ན་ཝ་ཡིས། ཐའེ་གོ་དང་ཀྲུང་གོ་བར་གྱི་མཛའ་བརྩེ་གཏིང་ཟབ་སྟབས་མོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན། 

ཕའེ་ཐུང་ཐན་གྱིས་ཉིན་དེར་སྤྱི་འབྲེལ་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཐའེ་གོ་དང་ཀྲུང་གོ་བར་གྱི་མཛའ་བརྩེ་གཏིང་ཟབ་པ་ནི་ཕན་ཚུན་བར་ཡིད་ཆེས་དང་བརྩི་བཀུར། དར་རྒྱས་དང་འཕེལ་རྒྱས་འབྱུང་བར་ཐུན་མོང་གི་ཕུགས་འདུན་ལྡན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལྡན་པས་རེད་ཅེས་བཤད། 

སང་ལོ་ནི་ཀྲུང་ཐའེ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་རེད། ཕའེ་ཐུང་ཐན་གྱིས། "སྔར་ལས་ལྷག་པར་ཐའེ་གོ་དང་ཀྲུང་གོ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་གཏོང་བར་འབད་བརྩོན་དང་། 2025ལོར་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རེ་སྒུག་བྱེད་བཞིན་ཡོད"ཚུལ་བསྟན། 

ཟླ་འདིའི་ཚེས16ཉིན། ཕའེ་ཐུང་ཐན་ལ་ཐའེ་གོའི་རྒྱལ་ཚོགས་གྲོས་ཁང་འོག་མའི་དམིགས་བསལ་གྲོས་ཚོགས་སྟེང་གྲོས་མི་ཕྱེད་ཀ་ཡན་གྱིས་རྒྱབ་སྐྱོར་ཐོབ་སྟབས། ཐའེ་གོའི་ཙུང་ཐུང་གསར་བར་བདམས་ཤིང་། དེ་མ་ཐག་ཐའེ་གོའི་རྒྱལ་བོ་མཱ་ཧ·ཝ་ཅི་ལ་ལུང་གུང་གིས་ཆོག་མཆན་གནང་སྟེ་ཐའེ་གོའི་ཙུང་ཐུང་གི་འགན་འཁུར་བ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号