སའི་གོ་ལ་དྲོ་རུ་འགྲོ་བའི་རྐྱེན་ལས་གྱོང་གུན་ཆེན་པོ་ཕོག་བཟོ་ཡོད་པ།

ས་གནས་དེ་གའི་དུས་ཚོད་ཚེས27ཉིན། ཐང་ཀའི་རྒྱལ་ས་ནུའུ་ཁུའུ་ཨ་ལུའོ་ཧྥ་རུ་གཉེར་བའི་སྐབས་53པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་གླེང་སྟེགས་ཀྱི་འགོ་ཁྲིད་པའི་ཚོགས་འདུའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་མཚོ་ངོས་འཕགས་པའི་སྐོར་གྱི་ལག་རྩལ་གྱི་གནས་ཚུལ་གནད་བསྡུས་སྤེལ་ཡོད། ཀུའུ་ཐེ་ལེ་སིས། གོ་ལ་དྲོ་རུ་འགྲོ་བའི་རྐྱེན་གྱིས་མཚོ་ངོས་ཡར་འཕགས་ཡོད་ལ། ཉམས་ཉེན་དེ “བསམ་ཡུལ་ལས་འདས་པའི་གཞི་ཁྱོན་བར་དུ་མགྱོགས་མྱུར་རྒྱ་སྐྱེད་རྒྱུ་རེད”ཅེས་ཐ་ཚིག་བསྒྲགས་པ་རེད།

ཀུའུ་ཐེ་ལེ་སིས། དེའི་ཤུགས་རྐྱེན་ཐེབས་པའི་དབང་གིས“མཚོ་རྒྱུད་ས་ཁོངས་ཁ་ཤས་ལ་ལོ་ལྟར་ཆུ་ལོག་གི་གནོད་འཚེ་ཕོག་པའི་དུས་ཡུན་ཉིན30ལས་བརྒལ་རྒྱུ་རེད”ཅེས་དང་། “མཚོ་རྒྱུད་ཆུ་ལོག་གིས་བཟོས་པའི་དཔལ་འབྱོར་གྱོང་གུན་ཨ་སྒོར་དུང་ཕྱུར་ཁྲི་ཁ་ཤས་ཟིན་བཟོ་ཡོད”ཅེས་ནན་སྟོན་གནང་ཡོད། གཞན་ཡང་། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས《ལྷོ་ནུབ་ཞི་བདེ་རྒྱ་མཚོའི་གནམ་གཤིས་གནས་ཚུལ》གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། མཚོ་ངོས་འཕགས་པ་དེས་རྨེག་མེད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ལྷོ་ནུབ་ཞི་བདེ་རྒྱ་མཚོའི་བལྟོས་བཅས་ཀྱི་མཚོ་ངོས་འཕར་ཚད་དེ་ཐ་ན་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་ཅེས་བསྟན་ཡོད།

ས་གནས་དེ་གའི་དུས་ཚོད་ཟླ8ཚེས26ཉིན། སྐབས53པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་གླེང་སྟེགས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་དེ་ཐང་ཀའི་རྒྱལ་ས་ནུའུ་ཁུའུ་ཨ་ལུའོ་ཧྥ་རུ་འཚོགས་པ་དང་། ཚོགས་འདུ་ཚེས30ཉིན་བར་རྒྱུན་མཐུད་འཚོག་རྒྱུ་ཡིན་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི། ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་མཉམ་ལས་བྱ་རྒྱུ་མཐུན་སྦྱོར་བྱས་པ་བརྒྱུད། སྲིད་ཇུས་གྲོས་ཞིབ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ནང་དོན་ནི《མཐིང་མདོག་གི་ཞི་བདེ་རྒྱ་མཚོའི2050ལོའི་འཐབ་ཇུས》ཞེས་པའི་ནང་གི་ཁྱབ་ཁོངས་མང་པོའི་མཉམ་ལས་དང་འབྲེལ་བ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号