དོན་འདིར་རྒྱལ་ཁབ་བཞི་ཡིས་མོས་མཐུན་བྱུང་འདུག 

ཟླ8ཚེས26ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་ཀྲུང་གོ་དང་ལའོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་དངོས་གཞི་མིན་པའི་ཐུག་འཕྲད་ཐད་དྲི་བ་བཏོན་པ་རེད།

ལིན་ཅན་གྱིས་ངོ་སྤྲོད་བྱས་དོན། ཉེ་ཆར་ཀྲུང་གོ་དང་ལའོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིས་ཐེ་ལན་གྱི་ཆིང་མའེ་རུ་ཕྱོགས་བཞིའི་ཕྱི་འབྲེལ་པུའུ་ཀྲང་གི་དངོས་གཞི་མིན་པའི་ཐུག་འཕྲད་བྱས་ནས་རྒྱལ་མཚམས་བརྒལ་བའི་ཉེས་གསོག་གི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། ཕྱོགས་ཁག་གིས་དུས་མཚམས་གོང་མར་མཉམ་འབྲེལ་ཐོག་རྒྱལ་མཚམས་བརྒལ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས། དུག་རྫས་འདྲེན་ཚོང་། མི་ཚོང་རྒྱག་པ་སོགས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་ཐད་མགྲིན་གཅིག་ཏུ་མོས་མཐུན་བྱུང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号