ཆུ་ཚད་མཐོ་བའི་ཧྥེ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་གི་ངོས་འཛིན་དེ་བས་མང་པོ་གཅིག་ཏུ་སྒྲིལ་དགོས།

ཀྲུང་གོས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བདེ་བླག་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པར་གྱུར་པས་མི་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་ཡོད། དངོས་དོན་གཉེར་ལ་ཡུལ་བབ་དང་བསྟུན་པའི་སྲིད་ཇུས་ལ་བརྟེན་ནས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་བཟོ་ལས་དང་ལག་རྩལ་ནུས་པ་ཡར་རྒྱས་མགྱོགས་པོ་བྱུང་བ་དང་། ལྷག་པར་དུ་བསྐྱར་སྐྱེ་རུང་བའི་ནུས་རྒྱུ་དང་། གྲངས་འཛིན་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེང་སྐབས། གོ་ལ་ཧྲིལ་པོར་རྙོག་འཛིང་ཆེ་བའི་འགྲན་སློང་སྣ་ཚོགས་འཕྲད་ཡོད། མི་དམངས་ཀྱི་བདེ་རྩ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་མཐའ་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཅིག་གི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཡིན་པ་ཀྲུང་གོའི་ཉམས་མྱོང་ལས་གསལ་པོར་མཚོན་ཐུབ།

ཀྲུང་གོས་ཨ་ཧྥེ་རི་ཁར་བཅོས་མིན་དང་ལྷག་བསམ་རྣམ་དག་གི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་རྒྱུན་འཁྱོངས་བྱས་ནས་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱས་ཏེ། ཨ་ཧྥེ་རི་ཁའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཞུང་ལམ་དང་། ལྕགས་ལམ། གྲུ་ཁ། གནམ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་མ་དངུལ་བཏང་བ་ལས་ས་ཁུལ་མཉམ་སྦྲེལ་མཉམ་མཐུད་དང་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་མ་ཐེབས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྨན་ཁང་སྐྲུན་རོགས་བྱས་པ་མ་ཟད་སྨན་བཅོས་སྒྲིག་ཆས་མཁོ་འདོན་དང་ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་ནས་ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་སློབ་མ་ཀྲུང་གོར་སློབ་སྦྱོང་ལ་ཡོང་བར་རྒྱབ་སྐྱོར་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་དུ་སློབ་གསོ་སྤེལ་རེས་སྣ་ཚོགས་བྱས་ཡོད། ཏོག་གསར་རིམས་ནད་ཐོན་རིང་། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཧུར་ཐག་བྱས་ནས་སྨན་བཅོས་མཁོ་ཆས་འབོར་ཆེན་དང་ཆེད་ལས་ཤེས་བྱ་སོགས་མཁོ་འདོན་བྱས་ཡོད།

1970ལོར་ཕྱི་འབྲེལ་བཙུགས་ཚུན། ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། རྒྱལ་ཁབ་གཉིས་པོས་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་སྤེལ་རིང་གཞོགས་འདེགས་དམ་ཟབ་བྱས་པས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ནི་ཨེ་ཙེ་ཨོ་ཕི་ཡའི་ཚོང་དོན་རོགས་ཟླ་དང་མ་དངུལ་ཡོང་ཁུངས་ཀྱི་རྒྱལ་ཁབ་གཙོ་བོ་དེ་ཡིན་ཞིང་། 2023ལོར། རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་པོའི་ཚོང་དོན་དངུལ་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར30ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས14.5%འཕར་ཡོད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡའི་གཞུང་ལམ་དང་། ལྕགས་ལམ། བཟོ་ལས་གླིང་ཁུལ་བཅས་ལ་མ་དངུལ་བཏང་བ་བརྒྱུད་ཨེ་ཙེ་ཨོ་ཕི་ཡའི་དཔལ་འབྱོར་འཕར་བར་སྐུལ་མ་ཐེབས་ཡོད། རྒྱལ་ཁབ་གཉིས་པོའི་སློབ་གསོ་སྤེལ་རེས་ཟབ་ཏུ་ཕྱིན་ནས་མི་ཆོས་རིག་གནས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་ཕྱིན་ཡོད།

2000ལོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ཚུན། ཧྥེ་ཀྲུང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་མ་ཐེབས་ནས་ཧྥེ་ཀྲུང་གི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་པར་བདེན་དཔང་ཐུབ་ཡོད། པེ་ཅིང་དུ་འཚོག་ཉེར་ཡོད་པའི2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱིས་ཧྥེ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། ཐེངས་འདིའི་དབུ་ཚོགས་ཀྱིས་ཆུ་ཚད་མཐོ་བའི་ཧྥེ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་གི་ངོས་འཛིན་དེ་བས་མང་པོ་གཅིག་ཏུ་བསྒྲིལ་ནས། དེ་བས་ཞི་བདེ་དར་རྒྱས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号