ཡུག་རེན་གྱི་དམག་འཐབ་གནམ་གྲུ་འདི་ལྷུངས་འདུག 

ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས29ཉིན་ཡུག་རེན་དམག་ཕྱོགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས26ཉིནF-16དམག་འཐབ་གནམ་གྲུ་ཞིག་ལྷུངས་ནས་འཕུར་སྐྱོད་པ་རྐྱེན་ལམ་དུ་ཤོར་བ་བཤད་པ་རེད། གནས་འཕྲིན་སྤེལ་བའི་ནང་། དེ་ནི་ཟླ8པ་ནས་བཟུང་། ཨ་རིས་བཟོས་པའི་དམག་འཐབ་གནམ་གྲུ་ཡུག་རེན་དུ་འབྱོར་ཚུན་གྱོང་གུན་དེ་རིགས་ཐོན་ཐེངས་དང་པོ་ཡིན་ཞེས་འཁོད་ཡོད་པ་རེད།

གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཚན་མོའུ་པུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་སྤྱི་བསྒྲགས་སྤེལ་ནསF-16དམག་འཐབ་གནམ་གྲུ་མཁའ་ཟོན་དཔུང་སྡེ་དང་ཨུ་རུ་སུའི་དམག་དཔུང་གི་མཁའ་ཐོག་དམིགས་ཚད་འགོག་པའི་ལས་འགན་སྒྲུབ་རིང་འབྲེལ་གཏུག་ཆད་ཡོད་ཅེས་འཁོད་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号