དབྱིན་ཇིས་འདི་འཕྲལ་མར་མཚམས་འཇོག་རྒྱུའི་ཁྱབ་བསྒྲམས་བྱས། 

ཟླ9པའི་ཚེས2ཉིན། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་སྨི་ཡིས། དབྱིན་ཇིས་འཕྲལ་མར་དབྱི་སི་རལ་ལ་མཚོན་ཆ་ཕྱིར་གཏོང་ཆོག་འཐུས་ལག་ཁྱེར་ཁག30སྤྲོད་མཚམས་འཇོག་རྒྱུ་ཡིན་ཞེས་བཤད། ལཱ་སྨི་ཡིས་ཉིན་དེར་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་ཁང་འོག་མར་དབྱིན་ཇིས་དབྱི་སི་རལ་གྱི་མཚོན་ཆ་ཕྱིར་གཏོང་ཆོག་འཐུས་ལག་ཁྱེར་སྐོར་གྱི་སྲིད་ཇུས་ལ་གཏམ་བཤད་སྤེལ་ནས་བཤད་དོན། དབྱིན་ཇིས་དཔྱད་དཔོག་བྱས་པ་ལྟར་ན། དབྱི་སི་རལ་ལ་དམག་དོན་ཐོན་རྫས་ཁ་ཤས་ཕྱིར་གཏོང་བྱེད་པར་ཉེན་ཁ་མངོན་གསལ་ཡོད་པ་དང་། དེ་དག་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་ཚབས་ཆེན་འགལ་བའི་བྱ་སྤྱོད་ནང་ལག་བསྟར་རམ་རམ་འདེགས་བྱེད་པར་སྤྱོད་སྲིད། དབྱིན་ཇིས་འཕྲལ་མར་དབྱི་སི་རལ་ཕྱོགས་ལ་མཚོན་ཆ་ཕྱིར་གཏོང་ཆོག་འཐུས་ལག་ཁྱེར་ཁག350ཙམ་ནང་གི་རྣམ་གྲངས30སྤྲོད་མཚམས་འཇོག་རྒྱུ་ཡིན་ལ། དེའི་ནང་དམག་འཐབ་གནམ་གྲུ་དང་ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ་སོགས་དམག་སྤྱོད་གནམ་གྲུའི་ལྷུ་ལག་ཆེ་ཆུང་སོགས་ཚུད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号