ཨུ་རུ་སུས་འདི་དང་ལེན་བྱེད་མི་ཐུབ་ཟེར། 

ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཟླ9པའི་ཚེས2ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡ་པུའུ་ཁོ་ཧྥུའུ་ཡིས། ཉིན་དེར་ཨུ་རུ་སུས་རིམ་པ་ཁག་ནས་ཨ་རིར་ཨ་རིའི་གླས་དམག་ཨུ་རུ་སུའི་མངའ་ཁོངས་ལ་འཇབ་རྒོལ་བྱེད་པར་ཞུགས་པ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་གསལ་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

ཉེ་དུས་ཡུག་རེན་གྱིས་ཁུར་སི་ཁེ་མངའ་སྡེ་རུ་དམག་དོན་བྱེད་སྒོ་མང་པོ་སྤེལ་བས། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རིས་ལྐོག་ནས་ངན་སྐུལ་བྱས་པར་སྐྱོན་བརྗོད་བྱས་པ་རེད། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་བརྙན་བསྐུར་ནས་བཤད་དོན། གསོན་བཟུང་བྱས་པའི་ཡུག་རེན་གྱི་དམག་མིས་ཕྱི་རྒྱལ་གྱི་གླས་དམག་ཡུག་རེན་དམག་གིས་ཁུར་སི་ཁེ་མངའ་སྡེ་ལ་དམིགས་པའི་དམག་དོན་བྱ་སྤྱོད་ནང་ཞུགས་ཡོད་ཅེས་བཤད་པ་རེད།

ད་ལོའི་ཟླ8པར་ཨ་རིའི་སྒེར་གཉེར་དམག་དོན་ཀུང་སི་ཞིག་གིས་དེའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་འདྲ་པར་བསྐུར་པ་དང་། འདྲ་པར་ཐོག་ནས་དམག་དོན་མི་སྣ་གསུམ་བབ་བསྟུན་རང་བཞིན་ཆེ་ལ་སྤྱོད་སྒོ་མང་བའི་རླངས་འཁོར་ཞིག་གི་མདུན་དུ་ལངས་ཡོད་ལ། ཡི་གེའི་ཐོག་བཀོད་པའི་ས་ཆ་ནི་ཁུར་སི་ཁེ་མངའ་སྡེ་ཡིན་པ་རེད། ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། དཀྱིལ་དུ་ལངས་ཡོད་པའི་མི་དེ་ནི་ཀུང་སི་དེའི་སྲོལ་གཏོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号