ཨ་རིས་རྒྱལ་ཁབ་འདིའི་ཙུང་ཐུང་གི་གནམ་གྲུ་བཀག་ཉར་བྱས། 

ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས2ཉིན། ཨ་རིས་ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཏུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་ཡིས་རྒྱུན་སྤྱོད་གནམ་གྲུ་ཞིག་བཀག་ཉར་བྱས་པ་དང་། དེའི་བྱེད་སྟངས་དེ་ཨ་རིའི་བཀག་སྡོམ་གཏན་འབེབས་ལས་འགལ་བ་དང་འབྲེལ་ཉེས་དོན་གནད་དོན་གཞན་དག་དང་འབྲེལ་བ་ཡོད་ཅེས་བཤད་པ་རེད། ཨ་རིའི་དཔོན་རིགས་གཉིས་ཀྱིས་ཉིན་དེར་ཨ་རིས་གནམ་གྲུ་ཨ་རིའི་ཧྥོ་ལུའོ་ལི་ཏ་མངའ་སྡེ་ལའོ་ཏེ་ཏེའར་པའོ-ཧའོ་ལའེ་ཝུའུ་གནམ་ཐང་དུ་འཕུར་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གྲུ་དེ་འདས་ཟིན་པའི་ཟླ་བ་ཁ་ཤས་ནང་ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པ་རེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞི་མང་པོ་ཞིག་ད་ཐེངས་ཀྱི་བཀག་ཉར་ནང་ཞུགས་པའི་ནང་བཟོ་ལས་དང་བདེ་འཇགས་ཅུས་དང་། རྒྱལ་ཁབ་ས་ཆ་བདེ་འཇགས་བརྟག་དཔྱད་ཅུས། ཁྲིམས་འཛིན་པུའུ་སོགས་ཚུད་ཡོད་པ་རེད། ཨ་རིའི་དཔོན་རིགས་ཤིག་གིས་ཏོ་སྨི་ནི་ཁ་ཡིས་ད་ཐེངས་ཀྱི་བཀག་ཉར་དོན་རྐྱེན་ཝེ་ནེ་ཙུའེ་ལར་བརྡ་ཐོ་བཏང་ཡོད་ཅེས་བཤད་པ་རེད།

མིག་སྔར་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་བརྒྱབ་མེད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号