རྒྱལ་ཁབ་འདིར་གྲུ་གཟིངས་ཆུར་ནུབ་ནས་མི126རྐྱེན་ལམ་དུ་ཤོར་བ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཚེས4ཉིན་ཤེས་རྟོགས་བྱུང་བ་ལྟར་ན། མི་བརྒྱ་ཕྲག་ཁ་ཤས་བླུགས་པའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ས་གནས་དེ་གའི་དུས་ཚོད་ཚེས3ཉིན་ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་ཀོ་མའི་ཆུ་ཁོངས་སུ་མགོ་རྟིང་ལོག་ནས་མིག་སྔའི་བར་ཉུང་མཐར་ཡང་མི126ཚེ་ལས་འདས་ཡོད། ད་དུང་མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པས། ཚེ་ལས་འདས་པའི་མི་གྲངས་མུ་མཐུད་མང་དུ་འགྲོ་བཟོ་ཡོད། 

ཟླ10པའི་ཚེས3ཉིན་གྱི་སྔ་དྲོ་གྲུ་གཟིངས་དེ་ལྷོ་ཅི་ཝུའུ་མངའ་སྡེའི་སྨི་ནོ་ཝ་གྲུ་ཁ་ནས་རྡོག་ཐོན་བྱས་ཏེ་བྱང་ཅི་ཝུའུ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཀོ་མར་བསྐྱོད་ཡོད། གྲུའི་ཐོག་གི་སྲོག་ཉེན་ལས་ཐར་མཁན་ཞིག་གིས། གྲུ་གཟིངས་མཚོ་འགྲུལ་བྱེད་སྐབས་ཆུ་འཛིར་ཡོང་བ་དང་། དེ་རྗེས་ཀོ་མའི་ཅི་ཐུའུ་ཁུའུ་གྲུ་ཁར་འབྱོར་ལ་ཉེ་སྐབས་ཆུར་ནུབ་པ་རེད་ཅེས་བརྗོད་འདུག 

ལྷོ་ཅི་ཝུའུ་མངའ་སྡེའི་དཔོན་རིགས་ཤིག་གིས། དོན་རྐྱེན་བྱུང་བའི་གྲུ་གཟིངས་ཀྱི་འགྲུལ་པའི་མིང་ཐོའི་ནང་འགྲུལ་པ278ཡོད་པ་མངོན་ཡོད་ཅེས་བརྗོད་མོད། འོན་ཀྱང་འཛིན་བཟུང་བྱས་ཟིན་པའི་གྲུ་གཟིངས་ཀྱི་བདག་པོས་དེའི་གོང་བཤད་པ་ལྟར་ན། གྲུ་གཟིངས་ཐོག་མ་མཐར་ཡང་མི700བླུགས་ཡོད་པ་རེད།

ཁོང་ཀོ(ཅིན)མངའ་ཁོངས་སུ་ཆུ་བོ་དང་མཚེའུ་ཤིན་ཏུ་མང་བས། གྲུ་གཟིངས་ལ་བསྡད་པ་ནི་ས་གནས་དེ་གའི་གྲོང་མི་འགྲོ་སྐྱོད་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན། གྲུ་གཟིངས་རྙིང་ཧྲུལ་དང་ཤོང་ཚད་ལས་བརྒལ་བ་སོགས་ཀྱི་རྐྱེན་གྱིས་ཆུར་ནུབ་པའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号