2024ལོའི་ནོར་བྷེ་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱས་པ།

ས་གནས་དེ་གའི་ཚེས7ཉིན། སུའེ་ཏེན་གྱི་ཁ་རོ་ལིན་གསོ་རིག་སློབ་གླིང་གིས2024ལོའི་ནོར་བྷེ་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་དེ་ཚན་རིག་མཁས་ཅན་ཝུའེ་ཁེ་ཐོ·ཨན་པུའུ་ལུའོ་སི(Victor Ambros)དང་ཅ་ལི·ལུའུ་ཕུའུ་ཁུན(Gary Ruvkun)ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།

སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ནི2024ལོར་ཁྱབ་བསྒྲགས་བྱས་པའི་ནོར་བྷེ་བྱ་དགའ་དང་པོ་དེ་ཡིན་པ་དང་གཟི་བརྗིད་མཚན་སྙན་འདི་ནི་ཚན་རིག་མཁས་ཅན་གྱི་ཁྱད་དུ་འཕགས་པའི་ལེགས་སྐྱེས་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། མིའི་རིགས་ཀྱི་བློ་གྲོས་དང་འཚོལ་ཞིབ་ཀྱི་སྙིང་སྟོབས་མཚོན་པ་ཞིག་ཀྱང་ཡིན། བྱ་དགའ་དེ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག་ལོ་གཅིག་དུས་གཅིག་གི“ནོར་བྷེ་བྱ་དགའི་གཟའ་འཁོར”གྱི་བྱེད་སྒོ་ཡང་དངོས་སུ་སྤེལ་མགོ་ཚུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号