སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱིས་སི་རི་ཡཱའི་དབུས་ཕྱོགས་ཀྱི་དམག་དོན་ས་གནས་མང་བོར་བར་སྣང་འཇབ་རྒོལ་བྱས་པའི་ཚུལ་བསྟན།

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དབུས་ཕྱོགས་ཀྱི་དམག་དོན་ས་གནས་མང་བོར་ཉིན་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས། ནོར་སྲིད་ཀྱི་གྱོང་གུད་ཐེབས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཚེས6ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ལྔའི་ཡས་མས་སུ། དབྱི་སི་རལ་གྱིས་ལེ་པཱ་ནུན་བྱང་ངོས་ནས་སི་རི་ཡཱའི་དབུས་ཕྱོགས་ཀྱི་དམག་དོན་ས་གནས་མང་བོར་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབུས་ཤར་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་བར་སྣང་དུ་ཚེས6ཉིན་གྱི་དགོང་མོར་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་དང་། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཇབ་རྒོལ་བྱེད་པའི་དམིགས་འབེན་ལ་རྒོལ་ལན་སྤྲད། དེ་ལས་གཞན་དབྱི་སི་རལ་གྱིས་ཉིན་དེར་ད་རུང་ཧའོ་མུའུ་སི་ཞིང་ཆེན་གྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་རླངས་འཁོར་གསུམ་ལ་བར་སྣང་འཇབ་རྒོལ་བྱས་པ་རེད་ཟེར། གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཧའོ་མུའུ་སི་ཞིང་ཆེན་དང་ཧཱ་མཱ་ཞིང་ཆེན་གྱི་མཚོན་ཆའི་མཛོད་ཁང་མང་བོར་ཚེས6ཉིན་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས་ཏེ་འགས་གཏོར་ཆེན་པོ་བྱུང་ཡོད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号