དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་སྤེལ་བའི་ཚུལ་བསྟན།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་སྤེལ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་གསང་འཕྲིན་གཞིར་བཟུང་ནས་དུས་ཚོད་གཅིག་ནང་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན120ལྷག་ལ་འཇབ་རྒོལ་བྱས་པ་དང་། དམིགས་འབེན་དེ་དག་ཀྲིན་ཀྲུའུ་ཏང་གི་དམག་དཔུང་མི་འདྲ་བར་གཏོགས་པ་ཡིན་ལ། ཀྲིན་ཀྲུའུ་ཏང་ལྷོ་ཕྱོགས་འཐབ་ཕྱོགས་ཀྱི་ས་ཁུལ་དམག་དཔུང་དང་ལཱ་ཏི་ཝན་དམག་དཔུང་། འཕུར་མདའ་དང་མེ་ཤུགས་འཕུར་མདའི་དམག་དཔུང་། གསང་འཕྲིན་ལས་ཁུངས་སོགས་འདུས། བར་སྣང་འཇབ་རྒོལ་གྱི་དམིགས་ཡུལ་ནི་ཀྲིན་ཀྲུའུ་ཏང་གི་འཐབ་འཛིང་ནུས་པ་ཇེ་ཞན་དུ་གཏོང་བ་དང་། ས་ངོས་དམག་དཔུང་ལ་རམ་འདེགས་བྱས་ཏེ་འཐབ་འཁྲུག་དམིགས་འབེན་མངོན་འགྱུར་བྱེད་ཆེད་ཡིན་པ་རེད།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་གནད་འཁེལ་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱི་མི་སེར་དཀྱུས་མའི་འཇིགས་ཉེན་མེད་པར་གཏོང་བཞིན་ཡོད་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་བྱང་ཕྱོགས་ཀྱི་ཁཱ་ཨར་མུས་ཨེ་ལེ་དང་ཧེ་ཧྥ་ས་ཁུལ་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号