རྒྱལ་ཁབ་མང་བོའི་འགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།

ཉེ་སྔོན་རྒྱལ་ཁབ་དང་སྲིད་ཏང་གི་འགོ་ཁྲིད་པ་མང་བོས་ལང་ལོང་སྒོས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏི་པའེ་ལུན་གྱིས་བསྟན་དོན། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གྲོས་མོལ་བརྗེ་རེས་བྱ་རྒྱུར་སྔར་ལས་ཤུགས་སྣོན་འདོད་ཡོད་ལ། ཀྲུང་གོ་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཟེར།

ཁི་ལའོ་ཏིས་ཡའི་ཙུང་ཐུང་སྨི་ལ་ནུའོ་ཝུའེ་ཆི་ཡིས་བསྟན་དོན། ཁི་ལའོ་ཏིས་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཁི་ལའོ་ཏིས་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

སི་ལའོ་ཝེ་ཉི་ཡའི་ཙུང་ཐུང་མུའུ་ས་ཨར་གྱིས་བསྟན་དོན། ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་འཛམ་གླིང་སྟེང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྔོན་ཐོན་སྟོབས་ཤུགས་སུ་གྱུར་ཡོད། ཀྲུང་གོ་འདི་ཉིད་སྔར་ལས་སྟོབས་འབྱོར་ལྡན་པར་གྱུར་ནས་ས་ཁུལ་དང་གོ་ལ་ཧྲིལ་པོའི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་རྒྱུའི་ཡིད་ཆེས་ཡོད་ཟེར།

སའེ་ཕུའུ་ལུའུ་སིའི་ཙུང་ཐུང་ཧི་ལིས་སི་ཐོ་ཙུའུ་ལི་ཅི་སི་ཡིས་བསྟན་དོན། སའེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་དང་འབྲེལ་བ་དམ་ཟབ་ལ་མཐོང་ཆེན་བྱས་ཏེ་སའེ་ཕུའུ་ལུའུ་སི་དང་ཀྲུང་གོའི་བར་གྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཡོ་རོབ་དང་ཀྲུང་གོའི་བར་དགེ་མཚན་ལྡན་པའི་གྲོས་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཝ་ནུའུ་ཨ་ཐུའུ་ཡི་ཙུང་ཐུང་ཝུའུ་ལུའོ་པ་ལ་ཝུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་གྲུབ་འབྲས་སྔར་ལས་ཆེ་བ་རྒྱུན་ཆད་མེད་པར་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཟེར།

ནི་ཁ་ར་ཀྭའི་ཙུང་ཐུང་ཨོའར་ཐི་ཅ་དང་ཙུང་ཐུང་གཞོན་པ་མུའུ་ལི་ལུའེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་འདི་ཉིད་མཐུན་སྒྲིལ་མཛའ་མཐུན་དང་། འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར་ཡོད་པས། ནི་ཁ་ར་ཀྭ་ཕྱོགས་ལ་བློ་སྒོ་ཕྱེ་ནས་རླབས་ཆེན་གྱི་ཀྲུང་གོ་མིག་དཔེར་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཟེར།

ཧུང་ཏུའུ་ར་སིའི་ཙུང་ཐུང་ཁ་སི་ཐི་ལུའོ་ཡིས་བསྟན་དོན། ཧུང་ཀྲུང་བར་འབྲེལ་བ་བཙུགས་པ་ནས་བཟུང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕན་འབྲས་ཐོན་ཡོད། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

སུ་ཐོ་མའེ་དང་ཕུའུ་ལིན་སི་ཕེའི་ཙུང་ལི་ཐི་ལུའོ་ཝ་ཏ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་མུ་མཐུད་དུ་ཡར་རྒྱས་དང་དར་རྒྱས་ཀྱི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་ནས་ཞི་བདེ་དང་། དྲང་གཞག འདྲ་མཉམ་བཅས་ཀྱི་འཛམ་གླིང་བསྐྲུན་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུའི་ཡིད་ཆེས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཀྲུང་གོ་ཕྱོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་མི་དམངས་དང་མཉམ་དུ་དུས་ཆེན་གལ་ཆེན་འདིར་རྟེན་འབྲེལ་ཞུ་བ་དང་། མཐུན་སྒྲིལ་མཉམ་ལས་ངང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཆེད་དུ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་འདོད་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་མཁན་ལ་ད་དུང་ཅོར་ཏན་གྱི་རྒྱལ་པོ་ཨ་ཏུའུ་ལ་སྐུ་ཕྲེང་གཉིས་པ་དང་། ཨ་མན་གྱི་འགོ་ཁྲིད་པ་ཧའེ་སའེ་མུའུ། མོ་རི་ཐ་ཉི་ཡའི་ཙུང་ཐུང་ཅ་ཙི་ཝ་ཉི། ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ས་ཧི་ལེ-ཝོ་ཁི།  ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལའེ། ཁ་མེ་ལུང་གི་ཙུང་ཐུང་པིས་ཡ། ཨི་རི་ཐི་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི། ཁོང་ཀོ(ཅིན)གྱི་ཙུང་ཐུང་ཆི་སའེ་ཁི་ཏིས། མཱ་ཏ་ཀ་སི་ཁ་ཡི་ཙུང་ཐུང་ལ་ཆའོ་ལིས་ན། ཁི་ཐི་ཏིས་ཝོར་གྱི་ཙུང་ཐུང་ཝ་ཐ་ལ། པེ་ཉིང་གི་ཙུང་ཐུང་ཐ་ལུང་། སུ་ཐོ་མའེ་དང་ཕུའུ་ལིན་སི་ཕེའི་ཙུང་ཐུང་ནོ་ཝ། པུའུ་ཅི་ན་ཧྥ་སོ་ཡི་ཙུང་ཐུང་ཐི་ལ་ཨའོ་ལེ། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི། མོར་ཏོ་ཝའི་ཙུང་ཐུང་སང་ཏུའུ། ཧི་ལན་གྱི་རྒྱལ་པོ་ཝེ་ལེན-ཡ་ལི་ཧྲན་ཏ། འཁྱགས་གླིང་གི་ཙུང་ཐུང་ཐོ་མ་སི་ཏུའོ་ཏེའར། ཏུའོ་སྨི་ནི་ཁའི་ཙུང་ཐུང་ཨ་པིས་ན་ཏེའར། ཐེ་རི་ནི་ཏ་དང་ཏོ་པ་ཀ་ཡི་ཙུང་ཐུང་ཁན་ཅ་ལུའུ། ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་འཁུར་མཁན་མུའུ་ཧན་མོ་ཏི། པ་ལེན་གྱི་རྒྱལ་རྒྱུད་དང་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ས་ལེ་མན། ཨའེ་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉི་དབྱང་། ནའེ་ཙི་ལན་གྱི་ཙུང་ལི་ལ་ཁི་སིན། ཡཱ་མའེ་ཅ་ཡི་ཙུང་ལི་ཧོའར་ཉི་སི། བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདོན་པ་ཡིའུ་ནུའུ་སི། ཧ་སག་སི་ཐན་གྱི་ཙུང་ཐུང་དང་པོ་ན་ཀྲའར་པ་ཡེ་ཧྥུའུ། ཨུ་རུ་སུ་དཀར་པོའི་ཏང་གི་ཀྲུའུ་ཞི་ལུའོ་མན་ནུའོ་ཧྥུའུ་དང་། ཨུ་རུ་སུ་དཀར་པོའི་རང་དབང་དམངས་གཙོ་ཏང་གི་ཀྲུའུ་ཞི་ཀའེ་ཏུའུ་ཁི་ཝུའེ་ཆི། ཧྥེ་རི་ཁའི་རང་བཙན་ཏང་གི་ཀྲུའུ་ཞི་སའེ་མའེ་ཏུའོ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་སོགས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号