མདོ་ལ་རྫོང་གི་གསོན་ཕྱུགས་ཉོ་འཚོང་ཁྲོམ་ར་གཉེར་མགོ་བརྩམས།

ཉེ་ལམ། མཚོ་བྱང་ཁུལ་མདོ་ལ་རྫོང་གསོན་ཕྱུགས་ཉོ་འཚོང་ཁྲོམ་ར་དངོས་སུ་གཉེར་མགོ་བརྩམས། གཉེར་མགོ་བརྩམས་པའི་ཉིན་མོར་བོད་ལུག1780དང་། ནོར་གནག224བཤས་གཏོང་བྱས། ཡུལ་དངོས་ཉོ་འཚོང་དང་དྲ་ལམ་ཐད་གཏོང་དངོས་ཚོང་ཡོང་འབབ་སྒོར་ཁྲི239.058ལ་སླེབས།

མདོ་ལ་རྫོང་གསོན་ཕྱུགས་ཉོ་འཚོང་ཁྲོམ་ར་ནི་ཀན་སུའུ་དང་མཚོ་སྔོན་མཚམས་ཀྱི་མཚོ་སྔོན་གྱི་བྱང་གི་སྒོ་ཆེན་དང“དར་གོས་ཚོང་ལམ་སྟེང་གི་མཁར་གྲོང”གི་མཚན་སྙན་ཡོད་པའི་མཁར་དམར་གྲོང་རྡལ་དུ་གནས་ཤིང་། སའི་རྒྱ་ཁྱོན་ལ་མུའུ150ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ཡོད། ཉོ་འཚོང་དང་འཁོར་སྐྱོད། གསོག་འདྲེན། ཆ་འཕྲིན་ཞབས་ཞུ་གཞི་གཅིག་ཅན་གྱི་ནུས་མང་ཕྱོགས་བསྡུས་རང་བཞིན་གྱི་ཁྲོམ་ར་ཞིག་ཡིན། ནོར་ལུག་ཕྱུགས་ཟོག་རྒྱུན་ལྡན་གྱི་དུས་ཚིགས་ཧྲིལ་པོར་ཉོ་འཚོང་ཐུབ་པའི་འགན་ལེན་བྱས།

མདོ་ལའི་གསོན་ཕྱུགས་ཉོ་འཚོང་ཁྲོམ་རའི་འཛུགས་སྐྲུན་ནི་མདོ་ལ་རྫོང་གིས་ཕྱུགས་ཟོག་ཐོན་ལས་རྒྱ་བསྐྱེད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། མདོ་ལ་རྫོང་ནོར་ལུག་ཉོ་འཚོང་གི“ཕྱུགས་ཟོག་ཡོད་ཀྱང་ཁྲོམ་ར་མེད་པ་དང་། ཁྲོམ་ར་ཡོད་ཀྱང་ཚོང་གནས་མེད་པ”ཡི་ད་ཡོད་གཉེར་སྐྱོང་གནས་ཚུལ་གྱི་སྟོང་ཆ་བསྐངས་པར་མ་ཟད། རོང་འབྲོག་མང་ཚོགས་ལ་གཅིག་སྡུད་དང་ཚད་ལྡན་གྱི་ཉོ་འཚོང་ར་བ་ཞིག་མཁོ་འདོན་བྱས་ཏེ་ཕྱུགས་ཟོག་ཉོ་འཚོང་གི་ཚོང་ལམ་རྒྱ་བསྐྱེད་བཏང་།


གསོན་ཕྱུགས་ཉོ་འཚོང་ཁྲོམ་ར་བརྒྱུད་ཚོང་ཁང་དང་ཕྱུགས་ཟོག་གསོ་སྤེལ་ཁྱིམ་ཚང་ལ་ཉོ་འཚོང་འབྲེལ་འདྲིས་ཀྱི་ཟམ་པ་བཙུགས་ནས་དུས་ཚིགས་ཧྲིལ་པོར་ནོར་ལུག་ཉོ་འཚོང་ལ་སྟབས་བདེ་བསྐྲུན་པ་དང་། རོང་འབྲོག་མང་ཚོགས་ཀྱིས་སྒོ་མདུན་དུ་ཉོ་འཚོང་དང་སྒོ་མདུན་དུ་ཡོང་འབབ་འཕར་བའི་ཡིད་འོང་མདུན་མ་མངོན་འགྱུར་བྱུང་སྟེ། མདོ་ལའི་གསོན་ཕྱུགས་ཉོ་འཚོང་ནི་སྔར་བས་ཚད་ལྡན་ཅན་དང་ཆེད་ལས་ཅན། གཞི་ཁྱོན་ཅན་གྱི་ལམ་དུ་བསྐྱོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号