ཀྲུང་གུང་འཐུས་མི་ཚོགས་པས་མོ་རོ་ཁོར་འཚམས་འདྲི་བྱས་པ།

ཟླ10པའི་ཚེས4དང་ཚེས5ཉིན། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་ལི་ཡུན་ཙེ་ཡིས་ཀྲུང་གུང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མོ་རོ་ཁོར་འཚམས་འདྲི་བྱས་པ་དང་། མོ་རོ་ཁོའི་ལས་རིགས་ཁག་ལ་ཕྱོགས་པའི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཚོགས་འདུར་ཞུགས་ཏེ། གྲོས་ཁང་གི་གྲོས་དཔོན་གཞོན་པ་དང་པོ་སཱ་པཱ་ལི་དང་། གྲོས་དཔོན་གཞོན་པ་ཐུ་ཧཱ་མི། དེ་བཞིན་མངོན་སུམ་རང་བཞིན་དང་དེང་རབས་ཏང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུ་ཁུ་སི། ཡར་ཐོན་དང་སྤྱི་ཚོགས་རིང་ལུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་པན་ཨ་པུའུ་ཏུ་ལཱ་སོགས་དང་ཐུག་འཕྲད་བྱས་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་གཏིང་ཟབ་བྱས་པ་དང་། ཀྲུང་མོའི་འབྲེལ་བ་དང་ཏང་དབར་གྱི་འགྲོ་འོང་སོགས་ཀྱི་ཐད་ལ་སྤེལ་རེས་གཏིང་ཟབ་བྱས་པ། མོ་རོ་ཁོ་ཕྱོགས་ཀྱིས་ཀྲུང་གོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱ་རྒྱུའི་དགའ་བསུ་ཞུས་པ་རེད།

མོ་རོ་ཁོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱེད་པ་གོ་སྐབས་སུ་བྱས་ཏེ། མོ་ཀྲུང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལུགས་བསྟན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号