ཨར་ཅི་རི་ཡའི་ཙུང་ཐུང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་བར་གཉིས་ཁེ་མཉམ་ལས་སྤེལ་རྒྱུའི་རེ་སྒུག་བྱས་ཡོད་ཚུལ་བསྟན།

ཚེས7ཉིན། ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པིན་གྱིས། ཨར་ཅི་རི་ཡ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོར་སྤུན་ཟླ་བཟང་པོ་དང་གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བརྩིས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་དང་། ཀྲུང་གོ་དང་ཨར་ཅི་རི་ཡའི་མཉམ་ལས་གླེང་སྟེགས་འཚོགས་པ། ཀྲུང་གོ་དང་ཨར་ཅི་རི་ཡའི་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞི་འོག་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་སྤེལ་རྒྱུ་དང་ཨ་ཀྲུང་མཛའ་གྲོགས་རྒྱུན་མཐུད་ངང་སྲ་བརྟན་དང་གཏིང་ཇེ་ཟབ་ཏུ་བཏང་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་ལེགས་སྐྱེས་འབུལ་འདོད་ཚུལ་བསྟན།

ཚེས7ཉིན་ཐེ་པིན་གྱིས་ཨར་ཅི་རི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལི་ཅན་ལ་ཐུག་འཕྲད་གནང་སྐབས་གོང་གསལ་གྱི་སྐད་ཆ་དེ་བཤད་པ་རེད།

ལི་ཅན་གྱིས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཨར་བར་གྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨར་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号