རྒྱལ་སྟོན་སྐབས་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི9.6སྣེ་ལེན་བྱས།

རྒྱལ་སྟོན་སྐབས། མཚོ་སྔོན་པོ་ལ་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་བོས་དགའ་བསུ་ཐོབ་ནས། ཡུལ་སྐོར་བ་མི་ཐེངས་ཁྲི9.6སྣེ་ལེན་བྱས་ཡོད་པ་དང་། དུས་མཚུངས་ལས5.79%འཕར་བ་རེད། 

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་སྟངས་འཛིན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་གུང་གསེང་སྐབས། མཚོ་སྔོན་པོ་ལྗོངས་ཁུལ་གྱིས"རྒྱལ་སྟོན་སྤྲོ་དགས་རོལ"ཞེས་པའི་གཟིགས་སྐྱོང་བྱེད་སྒོ་སྤེལ་ཏེ། གླུ་གར་དང་མེ་ཕུང་དགུང་ཚོགས་འཁྲབ་སྟོན་བྱས་ལ། <<མཚོ་སྔོན་པོར་བསྐྱོད་པ>>ཞེས་པའི་སྐོར་སྐྱོད་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་མཐོ་སྒང་གི་གཏམ་རྒྱུད་བརྗོད་པའི་སྟོན་མོ་གཟབ་རྒྱས་བཤམས་ཏེ"ཡུལ་སྐོར+"མཉམ་འདྲེས་རིག་གནས་གསར་སྐྲུན། འཁྲབ་སྟོན་དང་བཟའ་བཏུང་སོགས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་བོའི་ཡིད་དབང་བཀུག

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་གིས"ལྟེ་གཅིག་གདུབ་གཅིག་རྒྱུད་མང"གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་རྒྱུར་དམིགས་ནས་ལྗོངས་ཁུལ་གྱི་ཆུ་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་ཚད་ལྡན་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ། ལྗོངས་ཁུལ་གྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།"ཀྲུང་གོའི་ཆུ་མདེལ་ཚོད་ལྟའི་རྟེན་གཞི་དྲན་གསོ་ཁང"སོགས་རིག་གནས་ཡུལ་སྐོར་ལས་གཞི་ནུས་ཤུགས་ཡོད་རྒུས་བཏོད་པ་དང་རིག་སྨོན་བརྒྱུད་ནས་མཚོ་སྔོན་པོ་ནས་ཚྭ་ཁའི་བར་གྱི་གཞུང་ལམ་དང་རིག་སྨོན་ནས་གླང་ཆེན་མཆེ་བའི་ལམ་དུམ་བར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྗོངས་ཁུལ་གྱི་མཛེས་ལྗོངས་སྔོ་ལྗང་ཅན་དུ་འགྱུར་བར་བྱས་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུལ་སྐོར་གསང་སྤྱོད་མང་དུ་བཏང་བ།ཟློས་གར་ཆེན་མོ<<མཚོ་སྔོན་པོར་བསྐྱོད་པ>>ཞེས་པ་རྒྱུན་རྣམ་ཅན་དུ་འགྱུར་བའི་འཁྲབ་སྟོན་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། བློ་ལྡན་ལྗོངས་ཁུལ་ཁོངས་གཏོགས་ལ་ཕྱོགས་ཡོངས་ནས་མ་དངུལ་བཏང་སྟེ། རང་འགུལ་མི་མེད་ལྟ་ལྗོངས་རླངས་འཁོར་ཚོད་ལྟའི་འཁོར་སྐྱོད་བྱས་པ་དང་། ཚོང་ལས་འཛད་སྤྱོད་ཀྱི་རྣམ་པ་རིམ་སྤར་དང་ཆས་རྟགས་གྲགས་ཅན་ནང་འདྲེན། ས་གནས་ཀྱི་ཁྱད་ལྡན་ཟས་མཆོག་ཚོང་འདུས་ཁྲོམ་ར་བཙུགས་པར་མ་ཟད། གཅིག་གྱུར་གྱིས་བསྡོམས་རྩིས་རྒྱག་སྟངས་ལྟར་དུས་ཐོག་དོ་དམ་བྱས་ཤིང་། ཕྱོགས་ཡོངས་ནས་གྲུ་གཟིངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། རྒྱས་སྤྲོས་ཆེ་བའི་གྲུ་གཟིངས་གསར་སྒྱུར་རིམ་སྤར། སྒུལ་ཤུགས་གཡོར་གྲུ་དང་མགྱོགས་གྲུ་གསར་བ་ཉོས་པ། ཡུལ་སྐོར་ལམ་ཐིག་བསྐྱར་འཛུགས་དང་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་བ། གླིང་ཕྱེད་ཡུལ་སྐོར་དང་མཚོ་སྙིང་ལྟ་སྐོར་ཐོན་རྫས་འདོན་སྤྲོད་གཏིང་ཟབ་བཅས་བྱས།

དེ་དང་ཆབས་ཅིག བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་ནན་མོ་སྲུང་བ་དང་ལྗོངས་ཁུལ་གྱི་བདེ་སྲུང་སྟོབས་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་སྐོར་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ལྷུ་ཚིགས་སོ་སོའི་བདེ་འཇགས་འགན་འཁྲི་གཟབ་ནན་དང་ཏན་ཏིག་བཏང་ནས། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱས། སྨན་བཅོས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ཆེད་ལས་སྨན་བཅོས་ཚོགས་པ་དང་མྱུར་སྐྱོབ་སྒྲིག་ཆས་བཀོད་སྒྲིག རྒྱུན་ལྡན་གྱི་སྨན་རྫས་སྣ་ཚོགས་གསོག་འཇོག་འཐུས་ཚང་དུ་གཏོང་བ། མཁོ་བསྟུན་རོགས་སྐྱོབ་དཔུང་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་པ། བྲེལ་མྱུར་གནས་ཚུལ་ལ་ཁ་གཏད་ནུས་ལྡན་འཇལ་བ་བཅས་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号