གནམ་གྲུ་གཏོང་མཁན་ཞིག་གནམ་གྲུ་གཏོང་སྐབས་གྲོངས་པ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས9ཉིན་ཐུར་ཁེའི་མཁའ་འགྲུལ་ཀུང་སིས། མཁའ་འགྲུལ་ཀུང་སི་དེའི་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་པ་ཞིག་འཕུར་སྐྱོད་ལས་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་གྲོངས་པ་དང་གནམ་གྲུ་ཛ་དྲག་ངང་ཨ་རིའི་ཉིའུ་ཡོག་ཏུ་བབས་ཡོད་ཅེས་བཤད་འདུག 

ཐུར་ཁེའི་མཁའ་འགྲུལ་ཀུང་སིའི་མགྲིན་ཚབ་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག  དུས་གཏན་འཕུར་སྐྱོད་གནམ་གྲུ་དེTK204ཡིན་པ་དང་། གནམ་གྲུའི་བཟོ་དབྱིབས་ནི་མཁའ་འགྲུལ་གནམ་གྲུA350ཡིན། གནམ་གྲུ་དེ་ཤིས་ཡ་ཐུའུ་ནས་དབྱི་སི་ཐན་པུར་དུ་འཕུར་བའི་ལམ་བར་དུ་གནམ་གྲུའི་ཁ་ལོ་བ་རྒན་པ་ཕེ་ལི་ཝན་གློ་བུར་དུ་དྲན་པ་འཐོར་བས་གནམ་གྲུའི་ཐོག་གི་ལས་བྱེད་མི་སྣས་སྨན་བཅོས་བྱས་ཀྱང་ནུས་པ་དེ་ཙམ་ཐོན་མེད། དེ་རྗེས་གནམ་གྲུའི་ཁ་ལོ་བ་གཞོན་པས་འཕུར་སྐྱོད་ཀྱི་འགན་འཁུར་བ་དང་ཛ་དྲག་ངང་གནམ་གྲུ་འབབ་རྒྱུའི་གཏན་འཁེལ་མོད། འོན་ཀྱང་གནམ་གྲུའི་ཁ་ལོ་བ་རྒན་པ་ཕེ་ལི་ཝན་གནམ་གྲུ་མ་བབས་གོང་ཚེ་སྲོག་ལུས་རྟགས་ཉམས་འདུག་ཅེས་བརྗོད་ཡོད།

ཐུར་ཁེའི་མཁའ་འགྲུལ་ཀུང་སིའི་མགྲིན་ཚབ་པས། གནམ་གྲུ་གཏོང་མཁན་རྒན་པ་དེ་ད་ལོ་ལོ59ལ་སླེབས་པ་དང་། སྤྱི་ལོ2007ལོ་ནས་བཟུང་ཐུར་ཁེའི་མཁའ་འགྲུལ་ཀུང་སིར་ཞབས་འདེགས་ཞུ་འགོ་ཚུགས་ཡོད། ད་ལོའི་ཟླ3པའི་ཚེས8ཉིན་ཐུར་ཁེའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱིས་དབང་ཆ་སྤྲད་པའི་མཁའ་འགྲུལ་སྨན་བཅོས་ལྟེ་གནས་སུ་དུས་བཀག་ལྟར་བདེ་ཐང་བརྟག་དཔྱད་བྱེད་སྐབས། ཁོང་ཚོའི་ལས་ཀར་འགོག་རྐྱེན་བཟོ་བའི་བདེ་ཐང་གི་གནད་དོན་གང་ཡང་ཤེས་རྟོགས་བྱུང་མེད་ཅེས་བརྗོད་པ་རེད།

དོན་རྐྱེན་ཐོན་རྗེས། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས(FAA)ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དུས་གཏན་གནམ་གྲུ་དེ་ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས9ཉིན་གྱི་ཞོགས་པའི་ཆུ་ཚོད6པ་ཡས་མས་ལ་ཨ་རིའི་ཉིའུ་ཡོག་ཁེན་ཉི་ཏི་རྒྱལ་སྤྱིའི་གནམ་ཐང་དུ་བདེ་འཇགས་ངང་བབས་པ་དང་མི་སྣ་གཞན་འཆི་རྨས་ཀྱི་གནས་ཚུལ་ཐོན་མེད་ཅེས་འཁོད་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号