ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པས་མཚོ་བྱང་ཁུལ་ལ་སྐོར་ཞིབ་དང་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་ཁུལ་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་འཚོགས་པ།

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ9པའི་ཚེས30ཉིན། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་དྲུག་པའི་སྐོར་ཞིབ་ཚན་ཆུང་གིས་མཚོ་བྱང་ཁུལ་ལ་སྐོར་ཞིབ་དང་། ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་ཁུལ་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་ཚན་གཙོ་ཞེ་ཧུང་རྨིན་ཚོགས་འདུར་སླེབས་ནས་སྐུལ་སློང་གཏམ་བཤད་གནང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སྐོར་ཞིབ་བྱ་བ་ཏན་ཏིག་སྤེལ་བ་བཅས་ཀྱི་ཐད་བླང་བྱ་བཏོན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གཏམ་བཤད་གནང་།    

ཞེ་ཧུང་རྨིན་གྱིས་བསྟན་དོན། སྐོར་ཞིབ་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན། སྐོར་ཞིབ་བྱེད་པ་ནི<<ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག>>ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ། ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་གནས་པའི་ཞན་ཆ་ཐག་གཅོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྩ་བའི་གཞི་གདངས་ནན་མོ་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བར་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བའི་ལག་ལེན་གྱི་བླང་བྱ་ཞིག་ཡིན་ཞིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་འགུལ་སྤྱོད་ཅིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག་བྱས་ཤིང་། སྔ་རྗེས་སུ་ཆེད་དོན་སྐོར་ཞིབ་བྱ་བའི་སྙན་ཞུར་ཐེངས52ལ་ཉན་པ་དང་གསུང་བཤད་གལ་ཆེན་གནང་སྟེ། སྐོར་ཞིབ་བྱ་བ་འཕེལ་རྒྱས་གཏིང་ཟབ་སྤེལ་ཆེད་གནས་ཚད་གཏན་འཁེལ་དང་ཁ་ཕྱོགས་གསལ་སྟོན། རྩ་བའི་གཞི་འཛིན་ས་བཅས་མཁོ་འདོན་གནང་ཡོད་ཟེར། ཞེ་ཧུང་རྨིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་སྐོར་ཞིབ་ཀྱི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་སྐོར་ཞིབ་བྱ་བའི་སྐོར་གྱི"ཨང་དང་པོ་གསུམ"གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི"ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་། "དེ་ལས་གལ་ཆེ་བ་གསུམ"གྱི་འཐབ་ཇུས་གནས་བབ། "རྒྱུན་འཁྱོངས་གསུམ"གྱི་བླང་བྱ་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་ནོར་འཁྲུལ་གནད་འཁེལ་བཙལ་ཏེ་མཐའ་གཅིག་ཏུ"སྲུང་སྐྱོང་གཉིས"སྒྲུབ་ཐུབ་པར་ཁག་ཐེག་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ"དོན་འཁྱོལ་བཞི"ལ་གཙོ་གནད་དུ་དམིགས་ནས་སྐོར་ཞིབ་ཀྱི་ལས་འགན་གཙོ་བོ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སྐོར་ཞིབ་བྱ་བའི་རྩ་དོན་དང་འགན་ནུས་ཀྱི་ངེས་གནས་ལ་ནན་མོར་གཞིགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ལྟེ་བའི་བྱ་བའི་བླང་བྱ་བཅས་དང་ཞིབ་བསྡུར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་འདིར་དམིགས་ནས"དོན་འཁྱོལ་བཞི"ཡི་ལྟ་སྐུལ་གྱི་གཙོ་གནད་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ་དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་པ། གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་སྡེ་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་པའི་འབུར་ཐོན་གནད་དོན་དང་། ཉེན་ཁ་ཚབས་ཆེན་འཚོལ་ཞིབ་གཏིང་ཟབ་བྱེད་དགོས། རང་རྟོགས་དང་རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། སྐོར་ཞིབ་བྱ་བའི་སྒྲིག་ཁྲིམས་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་བྱ་བ་སྤེལ་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྟ་སྐུལ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་རང་བཞིན་མངོན་པར་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པར་བརྟེན་ནས་སྐོར་ཞིབ་བྱ་བའི་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དགུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གནད་འགག་གི་དུས་སྐབས་སུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པ་མཚོ་བྱང་དུ་བཅའ་སྡོད་བྱས་ནས་སྐོར་ཞིབ་བྱ་བ་སྤེལ་བ་དེས་ཞིང་ཆེན་ཏང་ཨུས་མཚོ་བྱང་གི་བྱ་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་དང་། མཚོ་བྱང་གི་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ། ཁུལ་ཡོངས་ཀྱི་བྱ་བ་སོ་སོར"ཕྱོགས་ཡོངས་ནས་སྐོར་ཞིབ"བྱས་པ་ཞིག་ཡིན་ལ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར"ཆབ་སྲིད་ཀྱི་ལུས་ཕུང་བརྟག་དཔྱད"བྱས་པ་ཞིག་ཀྱང་ཡིན་པར་མ་ཟད། དེ་བས་ཀྱང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་གྱིས་ནན་སྐྱོང་བའི"ཕྱོགས་བསྡུས་ནད་དཔྱད"ཅིག་ཀྱང་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་མཐོང་ཆེན་དང་སྒྲིག་ལམ་ལ་མཐོང་ཆེན། སྒྲིག་ཁྲིམས་ལ་མཐོང་ཆེན་བཅས་ཀྱི་མཐོ་ཚད་ཐོག་ནས་སྐོར་ཞིབ་བྱ་བ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱ་རྒྱུ་དེ་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པའི་གོ་སྐབས་ཤིག་དང་ཁུལ་ཡོངས་ཀྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་གོ་སྐབས་ཤིག་ཏུ་བརྩིས་ནས། སྐོར་ཞིབ་བྱ་བའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་དང་ཕྱར་བ་གྲུ་འདེགས་ཀྱིས་ཐེངས་འདིའི་སྐོར་ཞིབ་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས། ནུས་ཤུགས་ཡོད་རྒུས་གཞོགས་འདེགས་རྒྱབ་སྐྱོར་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལ་བརྩི་སྲུང་དང་གཞོགས་འདེགས་མཐའ་གཅིག་ཏུ་བྱས་ནས། སྐོར་ཞིབ་ཚན་ཆུང་གིས་བཏོན་པའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་ལས་མགོ་སྐོར་དང་སྦ་གསང་གཏན་ནས་བྱ་མི་ཆོག་པ་དང་། སྐོར་ཞིབ་ཚན་ཆུང་གི་བཀོད་སྒྲིག་ལ་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པར་ལག་བསྟར་བྱེད་པ་ལས་མི་བདེན་རྫུན་ལས་གཏན་ནས་བྱ་མི་ཆོག སྐོར་ཞིབ་ཚན་ཆུང་གིས་བཀོད་སྒྲིག་བྱས་པའི་ལས་འགན་ཡག་ཐོག་ཡག་བརྩེགས་ཀྱིས་ལེགས་འགྲུབ་བྱ་དགོས་པ་ལས་ཁྲལ་སེལ་སླ་བཅོས་གཏན་ནས་བྱ་མི་ཆོག སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ཏེ། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)"མགོ་ཁྲིད་གཙོ་བོ"དང་ཚན་ཁག་གི་ཁོངས་མིས་རང་ཉིད་ནས་མགོ་བཙུགས་ཏེ། ཏང་ཨུའི(ཏང་ཙུའུ)བྱེད་པོའི་འགན་འཁྲི་དང་། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིའི་འགན་འཁྲི་ཨང་དང་པོ། ཚན་ཁག་གི་ཁོངས་མིའི་ལས་བགོས་འགན་གཉེར་གྱི་འགན་འཁྲི་བཅས་ལག་བསྟར་ནན་ཏན་བྱས་ནས་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱ་རྒྱུ་དེ་ཧེ་བག་འཚོལ་བ་དང་བྱ་བ་ཇེ་ལེགས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་དངོས་འབྲེལ་བརྩི་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་ལ་འགན་འཁུར་བ་དང་། ཏང་གི་བྱ་གཞག་ལ་འགན་འཁུར་བ། མཚོ་བྱང་འཕེལ་རྒྱས་གཏོང་བར་འགན་འཁུར་བ། བློ་མཐུན་དང་རང་ངོས་ལ་འགན་ཁུར་བ་བཅས་ཀྱི་རྣམ་འགྱུར་བཟུང་སྟེ། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བྱ་བ་སྙན་ཞུ་དང་གནས་ཚུལ་གོང་ཞུ། བསམ་འཆར་འདོན་པ་བཅས་བྱས་ཏེ་སྐོར་ཞིབ་ཚན་ཆུང་ལ་གནས་ཚུལ་ངོ་མ་ཁོང་དུ་ཆུད་དུ་འཇུག་དགོས། གྲུབ་འབྲས་གཞན་སྒྱུར་ལ་མཐོང་ཆེན་བྱས་ཏེ། སྐོར་ཞིབ་བྱ་བའི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་མངོན་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས། "མཚོ་བྱང་ལྔ"འཛུགས་སྐྲུན་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལས་འགན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཚོ་བྱང་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱ་ཐབས་སྔར་ལས་གསལ་རྟོགས་དང་བརྟན་དུ་གཏོང་དགོས་ཤིང་། དེ་དང་ཆབས་ཅིག་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ནུས་ཡོད་རྒུ་འདོན་པ་དང་ནུས་ལྡན་ངང་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་འཁོར་མོའི་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོ་ཕྱོགས་ཡོངས་དང་ཞིབ་ཚགས་ངང་ལེགས་འགྲུབ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཡོངས་ཀྱི་ཡུལ་མི་སྤུན་ཟླ་ཚོར་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་དབུལ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་ཆེད་བསྐོས་ཚན་གཙོ་གཞོན་པ་ཉིག་ཅུན། ཚན་གཙོ་གཞོན་པ་ལི་ཙིན་ཝུའུ་དང་ལི་ཙིན་ཀང་། དེ་བཞིན་སྐོར་ཞིབ་ཚན་ཆུང་གི་བློ་མཐུན་གཞན་དག ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི།  ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའི(ཏང་ཨུ)འགན་འཁུར་བློ་མཐུན་གཙོ་བོ།    རྫོང་སོ་སོ་དང་ཞིང་རའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། སྒྲིག་ཨུའི་ཧྲུའུ་ཅི། རྩ་འཛུགས་པུའུ་ཀྲང། ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན། ཁུལ་ཨུའི་རྩ་འཛུགས་པུའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེའི་ཁོངས་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྐོར་རྟོག་གཞུང་ལས་ཁང་གི་ཀྲུའུ་རིན་དང་སྐོར་རྟོག་ཚན་ཆུང་གི་ཚན་གཙོ། ཉེ་བའི་ལོ་གསུམ་རིང་ལས་འཁྱུར་ངལ་གསོ་བྱས་པའི་ཚན་ཁག་ཆེན་མོ་བཞིའི་བློ་མཐུན་རྒན་པའི་འཐུས་མི་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号