བྱིས་པ་བསླུ་འཚོང་བྱེད་མཁན་བུད་མེད་འདིར་སྲོག་ཁྲིམས་བཅད་འདུག

ཟླ9པའི་ཚེས18ཉིན།  ཀུའེ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིན་གྱིས་བྱིས་པ་བསླུ་འཚོང་བྱས་པའི་ནག་ཉེས་སྐོར་གྱི་གྱོད་གཞི་ཁྲིམས་བསྒྲགས་བྱས་པ་དང་།  ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིན་ལ་བྱིས་པ་བསླུ་འཚོང་བྱས་པའི་ཉེས་མིང་ཐོག་ནས་སྲོག་ཁྲིམས་གཅོད་རྒྱུ་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད།  མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་རེད། 

འདྲི་ཞིབ་བྱས་པ་བརྒྱུད་རྩད་ཆོད་པར། ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིང་གིས1993ལོ་ནས1996ལོའི་བར་དུ་ཀུང་ཆེ་གེ་མོ་ཚེ་ལས་འདས་ཟིན)དང་མཉམ་དུ་ཁྲིམས་འགལ་ངང་ཁེ་ཕན་ཐོབ་ཆེད། ཀུའེ་ཀྲོའུ་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་སོགས་གང་སར་བསྐྱོད་དེ་བྱིས་པ་བསླུ་བྲིད་བྱས་པ་དང་། བྱིས་པ་ལག་ཏུ་ཐོབ་རྗེས་ཁོ་གཉིས་ཀྱིས་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་དུ་ཁྲིད་པ་དང་། ཝང་ཆེ་གེ་མོ་(ཁྲིམས་གཅོད་བྱས་ཟིན།)དང་དབྱང་ཆེ་གེ་མོ(ཁྲིམས་གཅོད་བྱས་ཟིན)ཡིས་ངོ་སྤྲོད་བྱས་པ་བརྒྱུད།  བྱིས་པ་ཉོ་མཁན་བཙལ་ནས་བཙོངས་པ་དང་།  དེ་ལྟར་བྱས་ནས་ཁེ་ཕན་ཐོབ་པར་བྱས་ཡོད། དེའི་རིང་ཁྱོན་བྱིས་པ11བསླུ་འཚོང་བྱས་པ་རེད།

ཀུའེ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིན་གྱིས་ཁྲིམས་འགལ་གྱི་ཁེ་ཕན་ཐོབ་ཆེད་བྱིས་པ་ཐེངས་མང་བསླུ་འཚོང་བྱས་པའི་བྱ་སྤྱོད་དེ་བྱིས་པ་བསླུ་འཚོང་གི་བྱས་ཉེས་སུ་གྲུབ་ཡོད་པར་མ་ཟད། བྱས་ཉེས་ཚབས་ཤིན་ཏུ་ཆེ་བ་དང་། སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས། ཡུས་ཧྭ་དབྱིན་ལ་ཉེས་ཆད་ནན་མོ་གཅོད་དགོས་པའི་ངོས་འཛིན་བྱས་ཡོད། དེར་བརྟེན། གོང་གསལ་གྱི་ཁྲིམས་ཐག་དེ་བཅད་ཡོད། 

ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིན་གྱིས་ཁྲིམས་རའི་ཐོག་གོང་གཏུག་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号